འགན་འཛིན་གསར་པ་བསྐོ་གཞག

སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་བསྐོ་གཞག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པ་བསྐོ་གཞག་གནང་རྒྱུར། ད་ཡོད་སཾ་བྷོ་ཊའི་ཁྱབ་ཁོངས་འགན་འཛིན་ཁྲོད་ཆ་རྐྱེན་ཚང་བའི་ཁོངས་ནས་སྤོན་ཊ་གཏན་སློབ་ཀྱི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་འདེམས་ཏེ་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༦ ཉིན་ནས་སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གསར་པར་བསྐོ་གཞག་མཛད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༧ ཉིན་འགན་འཛིན་ལས་ཚབ་ཚེ་དབང་ནོར་བུ་ལགས་ནས་སྤྱི་ཁྱབ་འགན་འཛིན་གྱི་ལས་འགན་རྣམས་འགན་འཛིན་གསར་པ་རྣམ་རྒྱལ་ཡར་འཕེལ་ལགས་སུ་རྩིས་སྤྲོད་ལེགས་པར་གནང་རྗེས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༣ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། དྲུང་ཚབ་ཀརྨ་སེང་གེ་ལགས་བཅས་མཇལ་བཅར་ཞུས་ཤིང་ཤེས་རིག་གི་མཛད་གཙོ་རྣམ་པས་སཾ་བྷོ་ཊའི་འགན་འཛིན་གསར་པར་འཚམས་འདྲི་དང་བཀའ་སློབ་ལམ་སྟོན་སོགས་གནང་བ་བཅས།

(135)