Monthly Archives

༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་བསྟན་འཛིན་སྒང་གཞིས་ཆགས་དང་། ཁྱབ་ཁོངས་འབུམ་སྡེ་ལ། དིརངྒ་བཅས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།

kalon-visits, News

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༢ ཕྱི་དྲོ་ཕྱག་ཚོད་ ༦།༤༠ ཐོག་བསྟན་འཛིན་སྒང་གཞིས་ཆགས་སུ་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ཕེབས་འབྱོར་མཚམས་ས་གནས་མགྲོན་ཁང་དུ་སྤྱི་མི་རྣམས་ནས་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཞུས། ཕྱི་ཚེས་ ༢༣ སྔ་དྲོ་ཕྱག་ཚོད་ ༩།༣༠ ཐོག་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་དང་སྦྲགས་སློབ་ཕྲུག་དང་དགེ་ལས་རྣམས་ལ་ཤེས་ཡོན་གལ་ཆེ་ཡིན་པའི་སྐོར་གསུང་བཤད་གནང་བ་དང་། ཉིན་རྒྱབ་ཕྱག་ཚོད་ ༢།༠༠ ཐོག་སེར་སྐྱ་མང་ཚོགས་ལ་བཀའ་ཤག་སྐབས་ ༡༥ པའི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་གཞི་དང་སྔོན་རྩིས་རྣམས་སྔར་ལས་མང་བ་ཞུས་པའི་སྐོར། ཨ་རིའི་རོགས་དངུལ་ (USAID) སྐོར་འགྲེལ་བརྗོད། བོད་མིའི་སྤྱི་ཚོགས་ནང་བེུད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཕྱོགས། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གནང་དགོས་སྐོར་བཅས་གསུང་བཤད་གནང་། ཕྱི་ཚེས་ ༢༤ ཉིན་འབུམ་སྡེ་ལ་ཁ་ཐོར་ས་གནས་སུ་ཕེབས་པ་དང་དེ་གའི་ཡུལ་མི་དཔོན་རིགས་ཁག་ཅིག་དང་གཞིས་མི་ཚོས་སྣེ་ལེན་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་སྦྲགས། ས་གནས་བོད་མི་རྣམས་ལ་གསུང་བཤད་གནང་། ཕྱི་ཚེས་ ༢༥ སྔ་དྲོ་ཕྱག་ཚོད་ ༨ ཐོག་འབུམ་སྡེ་ལ་ནས་དིརངྒ་ས་གནས་སུ་ཕེབས་པ་དང་། ཐུགས་གསུང་དར་རྒྱས་གླིང་དགོན་པ་དང་དིརངྒ་དུས་འཁོར་ལྷ་ཁང་བཅས་སུ་འཚམས་གཟིགས་གནང་བ་དང་འབྲེལ་ཡུལ་མི་ཚོར་མཇལ་འཕྲད་གནང་རྗེས་ཕྱི་དྲོ་ཕྱག་ཚོད་ ༥། ༣༠ ཐོག་བསྟན་འཛིན་སྒང་དུ་ཕྱིར་ཕེབས་གནང་། ཕྱི་ཚེས་ ༢༦ སྔ་དྲོ་ཕྱག་ཚོད། ༨།༠༠ ཐོག་ས་གནས་སྤྱི་མི་ནས་ཕེབས་སྐྱེལ་གྱིས་གུཧཱཊིར་ཕེབས་ཐོན་གནང་།

Previous
༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།
Next
༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་དིམཱཔུར་བོད་མིའི་གནས་སྡོད་སར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།
Menu