Monthly Archives

ཆོད་གན་ལས་བྱེད་ས་མིག་གསལ་བསྒྲགས།

Job Vacancy, News

 ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དེང་རབས་ཤེས་ཡོན་ཚན་པའི་ནང་ཚན་རིག་དང་སྤྱི་ཚན་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་དོན་ཆེད། དྲུང་གཞོན་ལས་རོགས་ཀྱི་གནས་རིམ་ཐོག་ལོ་གཉིས་རིང་ཆོད་གན་ལས་བྱེད་གཉིས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་རྣམས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།

ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པའི་དྲུང་གཞོན་ལས་རོགས་ ༢ ཀྱི་དགོས་ངེས་ཆ་རྐྱེན།

ཀ༽ ལས་འགན། ཚན་རིག་གི་ཤེས་ཡོན་འགན་འཛིན། (Education Officer for Science)
༡། ཤེས་ཚད། ཉུང་མཐར་ཚན་རིག་གི་སློབ་ཚན་(Physics / Chemistry / Botany / Zoology / Mathematics) གང་རུང་ཐོག་གཙུག་ལག་རབ་འབྱམས་པ་ (M.Sc.) པ་དང་། དགེ་རྒན་འོས་སྦྱོང་ (B.Ed.) ཨང་སྡེ་གཉིས་པ་ཐོན་པ།
༢། ལོ་ཚད། ༢༠༡༨།༤།༣༠ ཉིན་རང་ལོ་ ༣༥ ལས་མ་བརྒལ་བ།
༣། ཉམས་མྱོང་། སློབ་གྲའི་ནང་ཚན་རིག་སློབ་ཁྲིད་ཉམས་མྱོང་ཉུང་མཐར་ལོ་ ༣ ཡོད་པ།

ཁ༽ ལས་འགན། ཚན་རིག་གི་ཤེས་ཡོན་འགན་འཛིན། (Education Officer for Social Science)
༡། ཤེས་ཚད། ཉུང་མཐར་སྤྱི་ཚན་སློབ་ཚན་(History / Geography / Economics / Political Science / Sociology / English) གང་རུང་ཐོག་གཙུག་ལག་རབ་འབྱམས་པ་ (M.A.) ཡན་དང་། འབྲིང་རིམ་དགེ་རྒན་འོས་སྦྱོང་(B.Ed.) བཅས་ཨང་སྡེ་གཉིས་པ་ཐོན་པ།
༢། ལོ་ཚད། ༢༠༡༨།༤།༣༠ ཉིན་རང་ལོ་ ༣༥ ལས་མ་བརྒལ་བ།
༣། ཉམས་མྱོང་། སློབ་གྲའི་ནང་སྤྱི་ཚན་སློབ་ཁྲིད་ཉམས་མྱོང་ཉུང་མཐར་ལོ་ ༣ ཡོད་པ།

རྒྱུགས་གཞི། གོང་འཁོད་ས་མིག་ཐོག་ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཀྱིས་བསྐོ་གཞག་གནང་རྒྱུ་ཡིན།

དགོས་ངེས་ཀྱི་ཆ་རྐྱེན་དང་ཡིག་ཆ་གཞན།
༡༽ ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ངོ་བཤུས། (Marks sheet and Certificate)
༢༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
༣༽ ཁྲིམས་མཐུན་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་རམ་འཛིན་རིམ་ ༡༠ པ་ཐོན་པའི་ལག་འཁྱེར་གྱི་ངོ་བཤུས།
༥༽ སྨན་ཁང་ཚད་ལྡན་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༦༽ ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།

གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་ཆན་ལས་དམ་(Attestation) ཞུས་ཏེ་འཚང་སྙན་མཉམ་ ༢༠༡༨ ཟླ་ ༥ ཚེས་ ༥ འགྱངས་མེད་རང་ཉིད་དང་འབྲེལ་བ་གནང་བདེའི་ཁ་བྱང་དང། ཁ་པར་ཨང། གློག་འཕྲིན་ཁ་བྱང་ (Email) སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་ཁ་བྱང་ངམ་གློག་འཕྲིན་ཐོག་འབུལ་ཐུབ་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ ༢༠༡༨ ཟླ་ ༤ ཚེ་ ༥ ལ།།

The Secretary
Department of Education, CTA
Gangchen Kyishong, Dharamsala-176215
Distt. Kangra (H.P)
Phone: 01892-222721 / 222572
E-mail: [email protected]

Previous
2018 Russian Scholarship
Next
2018 DoE Annual Scholarship
Menu