Monthly Archives

Vacancy at CTE Bhuntar

Job Vacancy, News

བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་བོད་དགེའི་ས་མིག

༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་མཐོ་སློབ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་གྱི་ས་མིག་གཅིག་སྟོང་པ་ཡོད་ན། ཆ་རྐྱེན་ཚང་ཞིང་ལས་སྣེར་ཞུགས་བློ་ཡོད་རིགས་རྣམས་ནས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་(www.sherig.org) ནས་འགེངས་ཤོག་ཕབ་བཤུས་ཀྱིས་ཞིབ་བཀང་གནང་རྗེས་ལག་ཁྱེར་ཡིག་ཆ་ཁག་གི་ངོ་བཤུས་དང་འཚང་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༥ འགྱངས་མེད་འབུལ་དགོས་པ་དང། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༠ ནང་ཚུད་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གིས་གཉིས་མོས་ཆོད་གན་འཇོག་རྒྱུ་དང་ཟླ་རེར་གསོལ་ཕོགས་ཉུང་མཐར་ཉིན་སྒོར་ ༢༥༠༠༠་༠༠ ཐོབ་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན།

༡།   བོད་ཀྱི་སྐད་ཡིག་ཐོག་ཉུང་མཐར་གཙུག་ལག་རབ་འབྱམས་པའམ་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ། ཡང་ན། བོད་ཀྱི་བརྡ་དག་སྙན་གསུམ་དང་རིགས་ལམ་ནང་ཆོས་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཤེས་ཚད་འདང་ངེས་ཡོད་པ།
༢།   མཐོ་རིམ་སློབ་གྲྭར་བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།

དགོས་མཁོའི་ཡིག་ཆ།

༡།   གོང་གསལ་ཆ་རྐྱེན་དང་འབྲེལ་བའི་ཤེས་ཚད་ལག་འཁྱེར་ཁག་གི་ངོ་བཤུས།
༢།   ཕྱི་ལོ་ ༢༠༡༧ ཟླ་ ༣ བར་བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་འབབ་ཕུལ་ཟིན་པའི་ངོ་བཤུས།
༣།   གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་ལག་འཁྱེར་(R.C.)གྱི་ངོ་བཤུས།
༤།   སྒྲིག་འཛུགས་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༥།   སྨན་ཁང་ཚད་ལྡན་ཞིག་ནས་གཟུགས་གཞི་བདེ་ཐང་ཡིན་པའི་ངོས་སྦྱོར་ངོ་མ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན་གྱི་དག་མཆན་ལས་དམ་འཁོད་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ཉིན།།

Secretary
Department of Education, CTA
Gangchen Kyishong, Dharamsala-176215 HP
Website: www.sherig.org
E-mail: [email protected] / [email protected]

Download Form

Previous
GLI Scholarship for Study in United States – 2018
Next
Correspondence Course Scholarship – 2017
Menu