ཟླ་རེའི་གསར་འགྱུར།

༢༠༢༢ ལོའི་ UWC སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། UWC ཁྱབ་ཁོངས་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་བཅོ་བརྒྱད་ཀྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༢ ལོར་རང་རེ་བོད་ཕྲུག་ཁག་ཅིག་ལ་གོ་སྐབས་གནང་རྒྱུ་ཡིན་འདུག་ན། ཤེས་རིག་ལས་ཁུངས་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ལྷན་ཚོགས་གཉིས་ཟུང་འབྲེལ་ཐོག་རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ་ཡིན་པ་དང་། སློབ་ཡོན་འདིའི་རོགས་དངུལ་ UWC schools and colleges, UWC Committee in India, Horizon Foundation, དང་ Pestalozzi International Foundation བཅས་ནས་མཐུན་རྒྱུར་གནང་བཞིན་ཡོད་པས་སློབ་ཡོན་ལས་གཞི་འདིའི་ཁོངས་ཞུགས་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་གཤམ་གསལ་སྦྲེལ་ཐག་བརྒྱུད་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་འཚེམས་ལུས་མེད་པ་དྲྭ་ཐོག་འབུལ་དགོས།

དྲྭ་ཐག་འདི་བརྒྱུད་ཐོ་བཀོད་གནང་རོགས།

སློབ་ཡོན་གྱི་ཆ་རྐྱེན་འོས་ཆོས་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པའི་ཐོག་དོ་བདག་དང་ཕ་མའི་དཔྱ་དངུལ་ཕྱི་ལོ་ ༢༠༢༡ བར་གཙང་ཕུལ་ཟིན་པ་དགོས། འཚང་སྙན་འབུལ་མི་རྣམས་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པའང་དགོས། གལ་ཏེ་ལོ་ན་མ་ཟིན་པའི་རྐྱེན་གྱིས་ལག་དེབ་བཟོ་མེད་པའང་གསར་བཟོ་ཆེད་ཕུལ་ཡོད་ཚེ་གནས་ཡུལ་ས་གནས་འགོ་འཛིན་ནས་ “འགེངས་ཤོག ཀ” པའི་         ཐོག་རྒྱུ་མཚན་ཁ་གསལ་འགོད་དགོས། ༼འཚང་སྙནའབུལ་མི་རྣམས་ནས་ “འགེངས་ཤོག ཀ” ཞིབ་བཀང་གིས་ དྲྭ་ཐོག་བརྒྱུད་འབུལ་དགོས།༽

༢།       འཚང་སྙན་འབུལ་མི་གང་ཞིག་འཛིན་རིམ་བཅུ་པའམ་བཅུ་གཅིག་ནས་ཡིན་པའི་ཐོག་ཕྱི་ལོ་ ༢༠༠༤ ཟླ་ ༩  ཚེས་ ༡ ནས་ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༠༡ བར་སྐྱེས་པའི་སྐྱེས་ཚེས་ལག་འཁྱེར་འབུལ་དགོས། ༼ ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༠༡ ཉིན་རང་ལོ་ ༡༦ ནས་ ༡༨ བར་སོན་པ་དགོས།༽

༣།      འཚང་སྙན་འབུལ་མི་རྣམས་ཀྱི་འཛིན་རིམ་བཅུ་པའི་སློབ་ཚན་ཁོངས་བོད་ཡིག་ངེས་པར་དུ་བླངས་པ་ཞིག་དང་། ཡང་ན་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༡ ཚེས ༣ ཉིན་འཛིན་རིམ་བཅུ་པའི་བོད་ཡིག་ཚད་མཉམ་ཡིག་རྒྱུགས་ གོ་སྒྲིག་ཞུས་པའི་ནང་མཉམ་ཞུགས་ཀྱི་ཡིག་རྒྱུགས་འཕྲོད་པ་ཞིག་དགོས།

༤།       UWC འཚང་སྙན་འགེངས་ཤོག་གསུམ་ཞིབ་བཀང་གིས་འབུལ་དགོས།

  • Application Form ༼ སློབ་ཕྲུག་དོ་བདག་གིས་འགེང་དགོས།༽
  • Parents Declaration Form ༼ དོ་བདག་སློབ་ཕྲུག་གི་ཕ་མའམ་འགན་ཁུར་བའི་འགེང་དགོས།༽
  • School Declaration Form   ༼སློབ་གྲྭའི་འགན་འཛིན་ནམ་འཛིན་གྲྭའི་དགེ་རྒན་ནས་འགེང་དགོས། སློབ་གྲྭའི་འགན་འཛིན་ནས་མིང་རྟགས་དང་ལས་དམ་འཁོད་དགོས། འཛིན་རིམ་དགུ་པའི་ཡིག་རྒྱུགས་ཨང་ཤོག་ངེས་པར་འབུལ་དགོས་པ་དང་འཛིན་རིམ་བཅུ་པའི་ཡིག་རྒྱུག་ཨང་ཤོག་ཡོད་ཚེ་མཉམ་སྦྱར་ཞུས་དགོས།༽

མཆན།  ༡།       གོང་འཁོད་ Application Form དང་། Parents Declaration Form གཉིས་ལག་བྲིས་མ་ཡིན་པར་ངེས་པར་དུཀམ་པུ་ཊར་ཡིག་འབྲུའི་ཐོག་འགེང་འབུལ་ཞུ་དགོས།

༢།       ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) ངོ་བཤུས་སམ་ལག་དེབ་གསར་བཟོའི་བྱུང་འཛིན་འགེང་འབུལ་ཞུ་དགོས།

བདམས་ཐོན་བྱུང་བའི་སློབ་ཕྲུག་རྣམས་ལ་བཅར་འདྲིར་ཞུགས་དགོས་ཤིང་། དུས་ཚོད་དང་འཚོགས་ཡུལ་རྗེས་སུ་བརྡ་ལན་འབུལ་རྒྱུ།

UWC Tibetan

དོགས་འདྲི་ཞུ་ཡུལ།     

བསོད་ནམས་བཟང་མོ།               [email protected]

བློ་བཟང་དར་རྒྱས།                  [email protected]           ༩༨༠༥༦༨༨༤༡༤

ཤེས་རིག་སློབ་ཡོན་ཚན་པ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ལ།

Department of Education, CTA

Gangchen Kyishong, Dharamsala – 176215

District Kangra, Himachal Pradesh, India

Phone no. +91.01892.226695 and 222721

Website: www.sherig.org, www.lamton.org

སྔོན་མ།
སྔོན་འགྲོ་ནས་གཞི་རིམ་བར་མ་བར་གྱི་བོད་ཡིག་བསླབ་གཞིའི་རྩ་འཛིན་གྱི་མཐའ་མའི་རགས་ཟིན་གཏན་འབེབས་ཚོགས་འདུ་ལེགས་པར་གྲུབ་པ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་སློབ་གྲྭའི་སྡེ་ཁག་གི་དམིགས་བསལ་ཚོགས་འདུ་བསྐོང་ཚོགས་གནང་བ།
Menu