ཟླ་རེའི་གསར་འགྱུར།

༢༠༢༣ ལོའི་ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་དུ་སློབ་ཡོན་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཉི་ཧོང་ཅི་སྦཱ་བཟོ་རིག་སློབ་གཉེར་ཁང་ནས་རང་རེའི་བོད་རིགས་གསུམ་ལ་ལོ་གཉིས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་སློབ་ཡོན་དོད་དང། སྡོད་གནས། དེ་བཞིན་ལམ་གྲོན་བཅས་ཡོད་པའི་སློབ་ཡོན་ཞིག་གནང་གཏན་འཁེལ་སོང་བས་དགོས་ངེས་ཀྱི་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༤ མཚན་གུང་འགྱངས་མེད་གཤམ་གསལ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།

འཚང་སྙན་འགེངས་ཤོག་འབུལ་ཡུལ་གྱི་སྦྲེལ་ཐག: https://forms.gle/LiyHXxWMXwuWwB376

སློབ་ཚན་ཁག་༼ ཞིབ་ཕྲ་གཤམ་ལ་མཉམ་སྦྱར་ཞུས་ཡོད། ༽

  1. Management Science
  2. Information & Computer Science
  3. Social Systems Science

སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་། དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ།

༡།       འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༡ བར་གཙང་འབུལ་ཟིན་ཡོད་པ་དང་། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་ “འགེངས་ཤོག-ཀ” པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།

༢།       འཚང་སྙན་འབུལ་མི་རྣམས་སྤྱི་ཡོངས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཕྱི་ལོ་ ༢༠༡༩ ནམ་དེ་རྗེས་སུ་ཐོན་པ་གང་ཞིག་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པ་ཞིག་དགོས།

༣།     ཕྱིར་བསྐྱོད་ལག་དེབ་སེར་པོ་དགོས་པ་དང་། གལ་ཏེ་གསར་དུ་ཞུས་ཡོད་ཚེ་དེའི་བྱུང་འཛིན་གྱི་ངོ་བཤུས་དགོས།

༤།     སྤྱོད་བདེའི་ཡིག་སྒྲོམ་ (PDF) གཅིག་ནང་མཉམ་དུ་འབུལ་དགོས་པའི་ཡིག་ཆ་གཞན་ཁག (ཨིན་ཡིག་ནང་དགོས།)

  • རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ཤོག་ངོས་གཅིག
  • སློབ་ཡོན་འདིའི་ཁོངས་འཚང་སྙན་འབུལ་དོན་གྱི་རྩོམ་ཡིག་ཡིག་འབྲུ་ ༤༠༠ ནས་ ༥༠༠ བར་ཡོད་པ་ཞིག
  • རང་ཉིད་ཀྱི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་ཁང་ནས་ཞུས་པའི་ངོ་སྤྲོད་རྒྱབ་གཉེར་ཞིག
  • ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་དེའི་ངོ་བཤུས་ཤིག

སློབ་ཡོན་འདེམས་སྒྲུག་བརྒྱུད་རིམ་ཁག་གཤམ་གསལ།

༡།     སྔོན་འགྲོའི་འདེམས་སྒྲུག་ཆེད་སྙན་འབུལ་བ་ཆ་རྐྱེན་ཚང་རིགས་རྣམས་ངག་རྒྱུགས་ལེན་རྒྱུ།

༢།     གཤམ་གསལ་གྱི་ཕྱོགས་བསྡོམས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་ ༥ འདེམས་སྒྲུག་བྱ་རྒྱུ།

ཀ       ཉེ་བའི་གཙུག་ལག་རབ་འབྱམས་པའི་རྒྱུགས་འབྲས་འཐོབ་བྱའི་བརྒྱ་ཆ་ ༡༥ ཡོད་པ་གཤམ་གསལ་ལྟར།

Academic Performance in

Bachelor’s Program

(percentage scored)

 

Allotted points

50-59 3
60-69 6
70-79 9
80-89 12
90-100 15

ཁ། ཉི་ཧོང་སྐད་ཡིག་སྦྱངས་པའི་ལག་འཁྱེར་ཡོད་ཚེ་བརྒྱ་ཆ་ ༥ ཡོད།

ག། ངག་རྒྱུགས་ལ་བརྒྱ་ཆ་ ༨༠ ཡོད།

༣། བརྒྱ་ཆ་རྩེ་བཏོག་གིས་བདམས་ཐོན་བྱུང་བའི་སློབ་མ་ ༥ རྣམས་ཅི་སྦ་བཟོ་རིག་སློབ་གཉེར་ཁང་ནས་དྲྭ་ཐོག་ངག་རྒྱུགས་བླང་རྒྱུ་ཡིན་ཞིང་། ངག་རྒྱུགས་ཀྱི་དུས་ཚོད་རེའུ་མིག་གློག་འཕྲིན་བརྒྱུད་བརྡ་ལན་འབུལ་རྒྱུ།

For any queries, please contact:
Sonam Sangmo (Mrs.): [email protected]

Tenzin Dechen (Mrs.): [email protected]
Dated: June 20, 2021

Chiba Scholarship Announcement 2023
སྔོན་མ།
བོད་ཀྱི་དཔེ་མཛོད་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁ་བའི་གཅེས་ནོར་གྱི་གཏམ་བཤད་ལས་རིམ་གསལ་བརྡ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་དགེ་རྒན་རྣམས་ལ་ཉིན་གྲངས་གསུམ་རིང་འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu