ཟླ་རེའི་གསར་འགྱུར།

ཁེ་ན་ཌ་རོགས་སྐྱོར་ལས་གཞིའི་ཆེད་འབྲེལ་ཡོད་ལས་བྱེད་དྷ་སར་ཕེབས་པ།

གསར་འཕྲིན།

༄༅། །ཁེ་ན་ཌ་གཞུང་ནས་བཙན་བྱོལ་བོད་མི་ཤེས་ཡོན་ཡར་རྒྱས་ལས་གཞི་ཆེད་ཁེ་ན་ཌའི་སྒོར་ས་ཡ་གཉིས་ཤེས་རིག་ལས་ཁུངས་སུ་གནང་གཏན་འཁེལ་བ་ལྟར། ལས་གཞི་འདི་དང་འབྲེལ་བའི་ཨེག་རེ་ ཌམ་ (Agriteam) ལས་ཁུངས་ནས་འགན་འཛིན་གཞོན་པ་གེས་ལེ་ ཁྲུའོ་ནར་གྱིས་ (Gayle Turner, Vice President) དབུ་འཁྲིད་པའི་ལས་བྱེད་གཉིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༡ ནས་ ༢༩ བར་འདི་ག་ཤེས་རིག་ལས་ཁུངས་སུ་གོང་གསལ་ལས་གཞི་འཆར་འགོད་དང་།  ལས་དོན་རྟོག་ཞིབ་ཆེད་ཕེབས་འབྱོར་བྱུང་སྟེ།  དབུས་བོད་མི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་ཤེས་རིག་བཀའ་བློན་མཆོག་དང། དྲུང་ཆེ་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་དང་། འཆར་འགོད་ལས་བྱེད་བཅས་ཐུག་འཕྲད་ཀྱིས་གོ་བསྡུར་ལྷུག་པོ་གནང་།
ཕྱི་ཆེས་ ༢༧ ཉིན་གོང་གསལ་ཁེ་ན་ཌའི་ལས་བྱེད་གསུམ་དང་། འཆར་འགོད་ལས་བྱེད་གཅིག་བཅས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་དང། གཞི་རིམ་འོག་མའི་དགེ་རྒན་གྱི་བོད་ཡིག་གནས་ཚད་ཡར་རྒྱས་གཏོང་ཕྱོགས་ཀྱི་ལས་གཞིའི་འབྲེལ་མཐུད་པ་ལ་ཐུག་འཕྲད་ཀྱི་ལས་གཞི་ལ་རྟོག་ཞིབ་དང་རྒྱུས་ལོན་གནང་བ་དང་། ཕྱི་ཚེས་ ༢༩ ཉིན་ཁེ་ན་ཌའི་ལས་བྱེད་གསུམ་དང་། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག ཤེས་རིག་འཆར་འགོད་ལས་བྱེད་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་གྱི་ལས་དོན་སྙན་གསེང་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གིས།  ཐོག་མ་ང་ཚོ་བཙན་བྱོལ་དུ་འབྱོར་ནས་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ། ལྷག་པར་དུ་ད་ལྟའི་དུས་ཚོད་འདི་ལ་དེང་རབས་ཀྱི་ཤེས་ཡོན་དང་མཉམ་དུ་ནང་སེམས་ཀྱི་བྱམས་པ་དང་སྙིང་རྗེ། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་སྦྱོང་རྣམས་བསླབ་གཞིའི་རྩ་འཛིན་ནང་འཇུག་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་དུས་ཡུན་སྐར་མ་སུམ་ཅུའི་རིང་བཀའ་སློབ་ལམ་སྟོན་གནང་བ་བཅས།

སྔོན་མ།
སྔོན་འགྲོའི་ཁྲིད་ཆས་ཤོག་བྱང་གཏན་འབེབས་ཚོགས་འདུ།
ཕྱི་མ།
གཞི་རིམ་འོག་མའི་སློབ་དེབ་གསར་པ་རྒྱུས་སྟོན།
Menu