ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་ལམ་སྟོན་གཏན་འབེབས།

གསར་འཕྲིན།

༄༅། །བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པའི་བསླབ་གཞི་རྩ་འཛིན་ལམ་སྟོན་གཏན་འབེབས་བྱས་འདུག། 
    ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་དྷ་ས་གངས་སྐྱིད་བཀའ་ཤག་གསར་བའི་ཚོགས་ཁང་དུ། གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་གྱི་གཞི་རྩའི་ལམ་སྟོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་འདུག་ལ། ཚོགས་འདུའི་དབུ་འབྱེད་ཐོག་དཔལ་ལྡན་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་ཆེད་ཕེབས་ཀྱི་གསུང་བཤད་གནང་བ་དང།  ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་ཀྱིས༌ཚོགས་འདུ༌ངོ་སྤྲོད་དང་འབྲེལ་དབུ་འཛུགས་གནང་། 
    གཞི་རྩའི་ལམ་སྟོན་གཏན་འབེབས་ཀྱི་ཚོགས་འདུ་འདིའི་ནང་སམ་བྷོ་ཊ་བོད་སློབ་ཀྱི་སྤྱི་ཁྱབ་འགན་འཛིན་དང། ཤེས་རིག་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན། དྷ་སྟེང་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ། དབུས་བོད་སློབ་འཛིན་ཚོགས་དང་སམ་བྷོ་ཊ། བོད་ཁྱིམ་བཅས་ཀྱི་འབྲེལ་ཡོད་དགེ་རྒན་ཁག་ཅིག  གཞན་ཡང་ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད༌བཅས་ཚོགས་ཞུགས་གནང་འདུག
    དུས་ཡུན་ཉིན་གཉིས་རིང་གི་ཚོགས་འདུ་ཐོག  བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་བཟོ་འགོད་བྱས་པའི་གཞི་རིམ་གོང་མའི་བསླབ་གཞི་རྩ་འཛིན་གྱི་ལམ་སྟོན་རགས་ཟིན་ཐོག་གོ་བསྡུར་དང་སྦྱངས་བཤད་ཀྱིས་གཏན་འབེབས་བྱས་ཡོད་ཅིང། གཞི་རྩའི་ལམ་སྟོན་འདི་ནི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་དང་། རིག་ཚན་སོ་སོའི་བསླབ་གཞི་རྩ་འཛིན་བཟོ་འགོད་ཐད་ལམ་སྟོན་རང་བཞིན་ལྡན་པའི་གལ་ཆེའི་རྩ་འཛིན་ཡིག་ཆ་ཞིག་ཡིན་འདུག 
 

སྔོན་མ།
ཤེས་ཡོན་ལྷན་ཚོགས་དང་པོ་སྐོང་ཚོགས།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་དང་པོ་གནང་བ།
Menu