ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་ལུས་སྦྱོང་དང་། འཕྲོད་བསྟེན། ཟློས་གར་བཅས་ཀྱི་བསླབ་གཞི་རྩ་འཛིན་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་ ༤ ཚེས་ ༢༥ ནས་ ༢༦ ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་བཀོད་སྒྲིག་འོག བཞུགས་སྒར་ཉེ་འཁྲིས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པའི་ལུས་སྦྱོང་དང་། འཕྲོད་བསྟེན། ཟློས་གར་བཅས་ཀྱི་བསླབ་གཞི་རྩ་འཛིན་བཟོ་འགོད་ཚོགས་འདུ་སྐོང་ཚོགས་གནང་ཡོད་འདུག ཚོགས་འདུ་དེར་དྷ་ས་བོད་ཁྱིམ་དང། སམ་བྷོ་ཊ། མེས་དབོན་དཔེ་སྟོན་སློབ་གྲྭ་བཅས་ནས་ལུས་དགེ་དང་ཟློས་དགེ་ཁག་ཅིག་དང་། ཤེས་རིག་ལས་ཁུངས་ཀྱི་བསླབ་གཞི་བཟོ་འགོད་པ་བཅས་ཁྱོན་བསྡོམས་ཚོགས་མི་ ༨ ཚོགས་ཞུགས་གནང་ཡོད་ཅིང། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་དང་། ཤེས་ཡོན་སྲིད་བྱུས་དང་བསླབ་གཞི་རྩ་འཛིན་གྱི་གལ་གནད་སྐོར་གསུང་བཤད་གནང་འདུག
    ཉིན་གཉིས་རིང་གི་ཚོགས་འདུའི་ཐོག ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་བཟོ་འགོད་བྱས་པའི་ལུས་སྦྱོང་དང་། འཕྲོད་བསྟེན། ཟློས་གར་བཅས་ཀྱི་བསླབ་གཞི་རྩ་འཛིན་གྱི་རགས་ཟིན་ཐོག་གོ་བསྡུར་བྱས་ཏེ་གཏན་འབེབས་བྱེད་ཀྱི་ཡོད་པ་བཅས།

སྔོན་མ།
གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་སྐད་ཡིག་གི་བསླབ་གཞི་རྩ་འཛིན་ཚོགས་འདུ།
ཕྱི་མ།
ཌལ་ཧོར་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
Menu