ཟླ་རེའི་གསར་འགྱུར།

གཞི་རིམ་གོང་མའི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་རྩ་འཛིན་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༢  ནས་༢༣ ཉིན་གཉིས་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས༌ཁུངས་ཀྱིས་གཞི་རིམ་གོང་མ་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ཚོགས་འདུ་ཞིག་བཞུགས་སྒར་དྷ་ས་བཀའ་ཤག་ཚོགས་ཁང་དུ་སྐོང་ཚོགས་གནང་།
    ཚོགས་འདུ་འདིར་དྷ་ས་བོད་ཁྱིམ་དང། སམ་བྷོ་ཊ། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་གཞི་རིམ་གོང་མའི་སྤྱི་ཚོགས་ཚན་རིག་དང་། ཤེས་རིག་ལས་ཁུངས་ཀྱི་ཆེད་ལས་སློབ་དེབ་རྩོམ་སྒྲིག་པ་བཅས་ཁྱོན་བསྡོམས་ཚོགས་མི་༡༠ ཚོགས་ཞུགས་གནང་ཡོད་ཅིང། ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་ནས་ཚོགས་འདུ་གཙོ་སྐྱོང་གནང།
    ད་བར་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པ་བར་གྱི་སློབ་ཚན་ཡོངས་རྫོགས་ཀྱི་བསླབ་གཞིའི་རྩ་འཛིན་གཏན་འབེབས་ལེགས་གྲུབ་བྱུང་བ་མ་ཟད། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང། སམ་བྷོ་ཊའི་ཁྱབ་ཁོངས་བོད་སློབ་རྣམས་སུ་ཡོངས་ཁྱབ་ལག་བསྟར་བྱེད་བཞིན་ཡོད། ཐེངས་འདིའི་གཞི་རིམ་གོང་མའི་སྤྱི་ཚོགས་ཚན་རིག་བསླབ་གཞིའི་རྩ་འཛིན་ཁྲོད། དེ་སྔོན་དང་མི་འདྲ་བར་སྤྱི་ཚོགས་ཚན་རིག་གི་སློབ་ཚན་ཁོངས་སུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང། ཆོས་འབྱུང། ཕྱི་ནང་བོད་མིའི་གནས་བབ་སོགས་དེ་སྔ་བོད་ཡིག་དགེ་རྒན་གྱི་ལས་འགན་དུ་གྱུར་པའི་སློབ་ཚན་ཁག་ཅིག་ཀྱང་སྤྱི་ཚན་ཁོངས་སུ་བཅུག་ཡོད་པ༌འདིས། བཙན་བྱོལ་བོད་མིའི་གཞི་རིམ་སློབ་དགེའི་ལས་འགན་དང། སློབ་ཚན་གྱི་ནང་དོན། དགེ་རྒན་འོས་སྦྱོང་གི་བསླབ་གཞི་བཅས་ལ་མ་ལག་ལྡན་པའི་བསྐྱར་ཞིབ་ཀྱི་རྣམ་པ་གསལ་པོར་མཐོང་ཐུབ་པ་བཅས།
 

སྔོན་མ།
ཤེས་རིག་དྲུང་ཆེ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད།
ཕྱི་མ།
ཤེས་རིག་དྲུང་ཆེས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ལྷན་ཚོགས་སུ་མཉམ་ཞུགས་གནང་བ།
Menu