ཟླ་རེའི་གསར་འགྱུར།

གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་ ༥ ཚེས་༡༥  ནས་༡༧  བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས༌ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོད་སྲིད་བྱུས་ཀྱི་དགོངས་དོན་འོག གཞི་རིམ་བར་མ་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གསར་དུ་རྩོམ་སྒྲིག་བྱས་པར་བསྐྱར་ཞིབ་ཀྱི་ཚོགས་འདུ་ཞིག་བཀའ་ཤག་ཚོགས་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུ་དེར་དྷ་ས་བོད་ཁྱིམ་དང། སམ་བྷོ་ཊ། མེས་དབོན་དཔེ་སྟོན་སློབ་གྲྭ་བཅས་ནས་སྤྱི་ཚན་སློབ་དགེ་ཁག་ཅིག་དང་། གཞན་ཡང་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་དང་། སྤྱི་ཚན་སློབ་དེབ་རྩོམ་སྒྲིག་པ། བསླབ་གཞི་རྩོམ་སྒྲིག་པ་བཅས་ཚོགས་ཞུགས་གནང་ཡོད་ཅིང། ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་གཅིག་ལྕོགས་བཀྲ་ཤིས་དོན་གྲུབ་ལགས་ནས་ཚོགས་འདུ་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་། སྤྱི་ཚན་སློབ་དེབ་རྩོམ་སྒྲིག་དང་ལག་ལེན་གྱི་གལ་གནད་སྐོར་གསུང་བཤད་གནང་འདུག།
     ཉིན་གསུམ་རིང་གི་ཚོགས་འདུའི་ཐོག ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་ནས་གསར་དུ་རྩོམ་སྒྲིག་བྱས་པའི་ འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་ཐོག་བགྲོ་གླེང་གནང་ཡོད་ཅིང་། སློབ་དེབ་དེའི་ནང་སྔར་མེད་གསར་གཏོད་ཀྱིས་བོད་དང་། རྒྱ་གར། སྤྱི་ཡོངས་རྒྱུན་ཤེས་བཅས་བོད་མིའི་དགོས་མཁོ་དང་མཐུན་པའི་བརྗོད་གཞི་ཁག་རྩོམ་སྒྲིག་བྱས་ཡོད་འདུག

སྔོན་མ།
སྐད་ཡིག་གཉིས་པའི་ཐོག་ནས་བོད་ཡིག་སློབ་ཁྲིད་ཀྱི་བཞུགས་མོལ་ཚོགས་འདུ།
ཕྱི་མ།
འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར།
Menu