ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མ་དང་བར་མའི་ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་(NCERT) འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་གནང་།
དང་པོ་ནི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༤༥ ལ་བྱིས་པ་གསོ་སྐྱོང་དང་ཤེས་ཡོན་སྤྲོད་སྟངས་སྐོར་ཟབ་སྦྱོང་གནང་ཡོད་པ་དང་། གཉིས་པ་དེ་ནི་གཞི་རིམ་བར་མའི་ཚན་རིག་སློབ་དགེ་གྲངས་ ༢༠ ལ་ཚན་རིག་སློབ་ཚན་སློབ་ཁྲིད་གནང་སྟངས་སྐོར་ཡིན།
ཟབ་སྦྱོང་དེ་དག་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ འགོ་འཛུགས་ཀྱིས་ཕྱི་ཚེས་ ༢༨ ཉིན་བར་ཡིན་པ་དང་།  ཟབ་སྦྱོང་དུ་མཉམ་ཞུགས་གནང་མཁན་སློབ་དགེ་ནི་སམ་བྷོ་ཊ་དང་བོད་ཁྱིམ་སློབ་གྲྭ སེར་བྱེས་སློབ་གྲྭ འབྲས་སྤུངས་བློ་གསལ་གླིང་སློབ་གྲྭ་སོགས་ནས་ཡིན།
འཆར་ཟླའི་ནང་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞིར་བྱས་པའི་རྒྱ་གར་རྒྱལ་ཡོང་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གིས་གོ་སྒྲིག་འོག་ཟབ་སྦྱོང་ཐེངས་གསུམ་གོ་སྒྲིག་གནང་འཆར་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུ་དགོས་དོན་ནི། བོད་མིའི་སློབ་དགེ་རྣམས་ཀྱི་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་སྔར་ལས་ཡར་རྒྱས་གོང་འཕེལ་གཏོང་ཆེད་ཡིན་འདུག་པ་དང་། ཟབ་སྦྱོང་གི་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཁེ་ན་ཌའི་ Canada ལས་གཞི་ཚན་པ་ CIDA ཡིན།

སྔོན་མ།
གཏན་ཉིན་སློབ་གྲྭའི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་དབུ་འཛུགས་གནང་བ།
ཕྱི་མ།
སྔོན་འགྲོའི་ཁྲིད་ཆས་ཤོག་བྱང་གཏན་འབེབས་ཚོགས་འདུ།
Menu