ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༡ ནས་ ༡༤ བར་ཉིན་བཞིའི་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག དྲིལ་བསྒྲགས་ལྷག་པ་ཚེ་རིང་ཚོགས་ཁང་དུ་གཞི་རིམ་འོག་མ་དང་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་། བསྐྱར་ཞིབ་ཀྱི་ཚོགས་འདུ་བསྐོངས་ཚོགས་གནང་། ཚོགས་འདུ་ཉིན་བཞིའི་རིང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞིའི་རྩ་འཛིན་གྱི་འབྲུ་དོན་ལྟར། ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ལྷན་འཛོམས་ཀྱིས་འཛིན་གྲྭ་ལྔ་པའི་ཨང་རྩིས་ཀྱི་སློབ་དེབ་མཐའ་མའི་གཏན་འབེབས་དང་། གཞི་རིམ་འོག་མའི་འཛིན་གྲྭ་གཉིས་པ་དང་། གཞི་རིམ་བར་མའི་ཨང་རྩིས་སློབ་དེབ་རྣམས་ལ་བསྐྱར་ཞིབ་བྱ་འཆར་འདུག
ཐེངས་འདིའི་ཚོགས་འདུ་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འབྲེལ་ཡོད་འགན་འཁུར་བ་དང་། ཤེས་རིག་ལས་ཁུངས་ནས་བསྐོ་བཞག་གནང་བའི་བོད་ཁྱིམ་དང་། སམ་བྷོ་ཊ། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་བསྐྱར་ཞིབ་ཚོགས་མི་རྣམ་པ་དང་། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་མཉམ་ཞུགས་གནང་ཡོད།
ད་ལོའི་ལོ་མཇུག་ཏུ་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་དང་། ལྔ་པའི་ཨང་རྩིས་སློབ་དེབ་དཔར་བསྐྲུན་གནང་འཆར་འདུག་པ་བཅས།

སྔོན་མ།
ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་ཕེབས་གནང་།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་ཕྱོགས་ཕེབས་གནང་སྟེ་ཤེས་རིག་དང་འབྲེལ་བའི་ལས་དོན་རྒྱ་ཆེ་སྤེལ་བ།
Menu