ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་དགེ་འོས་པ་རྣམས་ལ་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་འགོ་འཛུགས་གནང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གནང་བཞིན་པའི་སློབ་ཕྲུག་རྣམས་ལ་ཕྱི་ཟླ་ ༥ ཚེས་ ༢ ནས་ ༥ བར་ཉིན་གྲངས་བཞིའི་རིང་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་ཞིག་འགོ་བཙུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་དྷ་ས་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་དང་། ཉམས་ཞིབ་པ་བསོད་ནམས་དབང་ཕྱུག་ལགས་རྣམ་གཉིས་གདན་ཞུས་ཀྱིས་རྩོད་རྙོག་འདུམ་སྒྲིག་གི་ཟབ་སྦྱོང་སློབ་ཁྲིད་གནང་བ་དང་། ཐོག་མར་སློབ་ཁྲིད་གནང་མཁན་དང་འོས་སྦྱོང་བ་རྣམས་ཀྱིས་རིམ་བཞིན་སོ་སོ་ངོ་སྤྲོད་གནང་རྗེས།  དྷ་ས་བོད་ཀྱི་རྩོམ་རྙོག་འདུམ་སྒྲིག་ལྟེ་གནས་ཁང་དེ་ཉིད་གསར་བཙུགས་གནང་བའི་དགོས་དམིགས་དང་། ད་བར་ལོ་ངོ་བཅོ་ལྔ་ལྷག་རིང་ཟབ་སྦྱོང་དང་སྦྱོང་བརྡར་ཇི་ཙམ་གོ་སྒྲིག་ཞུས་པ་དང་། དེས་རང་རེ་བོད་ཀྱི་སྤྱི་ཚོགས་ནང་ཕན་ནུས་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་བ་དང་སྟབས་བསྟུན། རྩོད་རྙོག་གི་ངོ་བོ་དང་རྩོད་རྙོག་འབྱུང་གཞི་བཅས་ཀྱི་སྐོར་རྒྱབ་ལྗོངས་གནས་ལུགས་ཡིག་ཐོག་འགྲེལ་བཤད་ཟབ་ཅིང་རྒྱས་པ་གནང་ཡོད་པ་མ་ཟད། འོས་སྦྱོང་བ་ནང་ཁུལ་བྱེད་སྒོའི་ལམ་ནས་རྩོད་རྙོག་འབྱུང་སྟངས་དང་། དེར་གདོང་ལེན་བྱེད་ཕྱོགས་ཀྱི་འཁྲབ་ཚན་ཐུང་ངུ་བརྒྱུད་ངོ་སྤྲོད་གནང་ཡོད་པ་མ་ཟད། དགེ་རྒན་འོས་སྦྱོང་བ་རྣམས་ཀྱིས་ཀྱང་ཟབ་སྦྱོང་དེའི་ནང་དོ་དབྱིངས་ཆེན་པོའི་ཐོག་ནས་མཉམ་ཞུགས་གང་ལེགས་གནང་བཞིན་ཡོད་པ་བཅས།

སྔོན་མ།
གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་།
ཕྱི་མ།
རྒྱ་བལ་བོད་སློབ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ལུས་རྩལ་སྐོར་ཟབ་སྦྱོང་གནང་བཞིན་པ།
Menu