ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།
༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་ལོ་༢༠༡༤ ཟླ་༤ ཚེས་༢༡ ནས་༢༦ བར་ཉིན་དྲུག་རིང་གཞི་རིམ་འོག་མའི་འཛིན་གྲྭ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་གཏན་འབེབས་ཀྱི་ཚོགས་འདུ་ས་རཱ བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བསྡུ་སྐོང་གནང།
    དེ་ཡང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་། ༢༠༠༨ ལོར་གཏན་འབེབས་བྱས་པའི་གཞི་རིམ་འོག་མའི་བསླབ་གཞི་རྩ་འཛིན་གྱི་དགོངས་དོན་བཞིན་སྔོན་འགྲོ་ནས་གཞི་རིམ་འོག་མའི་འཛིན་གྲྭ་གསུམ་པར་བར་གྱི་བོད་ཡིག་སློབ་དེབ་གཏན་འབེབས་ཟིན་པ་དང། གོང་ཚེས་ཉིན་ཤེས་ཡོན་ལྷན་ཚོགས་ཡིག་ཚང་དང་ཤེས་ཡོན་སྲོལ་རྒྱུན་ཚན་པའི་འགན་འཛིན་གཅིག་ལྕོགས་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཟུར་བ་བཀྲ་ཤིས་དོན་གྲུབ་ལགས། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། སློབ་དེབ་བསྐྱར་ཞིབ་ཚོགས་མི་རྣམ་པ་དང། རྩོམ་སྒྲིག་པ་གཉིས་བཅས་ལྷན་འཛོམས་ཐོག་ཉིན་དྲུག་རིང་གོ་བསྡུར་སྦྱང་བཤད་ཀྱིས་འཛིན་གྲྭ་བཞི་པ་དང་ལྔ་པའི་བོད་ཡིག་སློབ་དེབ་གཏན་འབེབས་གནང་རྒྱུ་ཡིན་འདུག།
    འདི་ལོར་སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་དེབ་ཆ་ཚང་དཔར་སྐྲུན་ལེགས་གྲུབ་ཟིན་པར་བྱས་ཏེ། ཕྱི་ལོ་༢༠༡༥ ལོའི་སློབ་དུས་གསར་པ་ནས་སློབ་འཁྲིད་ལག་བསྟར་དགོས་པའི་བཀོད་ཁྱབ་གནང་གཏན་འཁེལ་ཡོད་པ་བཅས། 
སྔོན་མ།
ཡིད་སྐྱོའི་གནས་ཚུལ།
ཕྱི་མ།
རྩེ་ཕུད་ཡིག་གཟུགས་བྲིས་ཤོག་འགྲེམས་སྟོན།
Menu