ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་བཞིན་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༠ ནས་ ༡༤ བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་གནང་བཞིན་ཡོད་པ་དང་། ཟབ་སྦྱོང་དེའི་ནང་སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་དང་། བོད་སློབ་འཛིན་ཚོགས་ཁྱབ་ཁོངས། དྷ་ས་བོད་ཁྱིམ་བཅས་ཀྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཁྱོན་གྲངས་ ༢༣ མཉམ་ཞུགས་གནང་།
ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི། གཞི་རིམ་འོག་མའི་དགེ་རྒན་ཁྲོད་བྱིས་པའི་ཀློག་རྩལ་གོང་འཕེལ་ཇི་ལྟར་གཏོང་དགོས་སྐོར་རྒྱུས་མངའ་ཡོད་པ་བཟོ་ཆེད་ཡིན་ཞིང་། ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་སྤྱི་དང་། ལྷག་པར་གཞི་རིམ་འོག་མའི་བྱིས་པའི་ཀློག་རྩལ་དང་གོམས་གཤིས་ཡར་རྒྱས་གཏོང་ཆེད་ཀྱི་ལས་གཞི་ཞིག་ཡིན།   ཐེངས་འདིའི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ཀྱིས་ཟབ་སྦྱོང་འདི་འདོད་བློ་ཁེངས་པོ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་།
ཟབ་ཁྲིད་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ལྕམ་སྐུ་མཁས་དབང་ལ་ཏི་ཀ་གུཔྟཱ་ (Dr. Latika Gupta) ལགས་ཡིན།  ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ US AID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
ཕྱི་མ།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་གསུམ་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu