ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་༢ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས་ཚོགས་འདུ་བསྐོངས་ཚོགས་གནང་།     ཐེངས་འདིའི་ཚོགས་འདུའི་ནང་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་ཨང་རྩིས་བསླབ་གཞི་རྩ་འཛིན་གྱི་འབྲུ་དོན་ལྟར། ཕྱི་ལོ་ ༢༠༡༣ ཟླ་༥ ཚེས་ ༨ ལ་གཞི་རིམ་འོག་མའི་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གིས་བསྐྱར་ཞིབ་བྱས་པ་གཞིར་བཟུང་རྩོམ་སྒྲིག་བྱས་པའི་འཛིན་རིམ་གསུམ་པ་དང་། བཞི་པའི་ཨང་རྩིས་སློབ་དེབ་གཏན་འབེབས་གནང་གི་ཡོད་འདུག
    ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཟུང་དྲུང་ཚེ་རིང་བསམ་གྲུབ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཟུར་པ་བཀྲ་ཤིས་དོན་གྲུབ་ལགས། སིམ་ལ་གཏན་སློབ་ཀྱི་རྩིས་དགེ་པདྨ་རྒྱལ་མཚན་ལགས། དྷ་ཤོད་བོད་ཁྱིམ་གྱི་རྩིས་དགེ་ཟུར་པ་ངག་དབང་རྡོ་རྗེ་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་རྩིས་དགེ་ཚེ་དབང་ལྷ་མོ་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་ཡོད།
འཆར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ལོའི་སློབ་དུས་ནས་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་ཨང་རྩིས་སློབ་དེབ་རྣམས་གཞི་རིམ་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་གནང་རྒྱུ་ཡིན་འདུག

སྔོན་མ།
དགེ་འོས་སྔོན་འགྲོའི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
བོད་སློབ་འཛིན་ཚོགས་ཀྱིས་རྩིས་སྤྲད་ཟིན་པའི་གཞི་རིམ་འོག་མའི་སློབ་དགེ་རྣམ་པར་ཟབ་སྦྱོང་འགོ་འཛུགས་སྤྲད་པ།
Menu