ཟླ་རེའི་གསར་འགྱུར།

གཞི་རིམ་སློབ་གྲྭའི་ནང་ཆོས་བསླབ་གཞི་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༥ ཟླ་༦ ཚེས་༡༠ ནས་༡༢ བར་ཉིན་གསུམ་རིང་། འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་སློབ་གྲྭའི་ནང་ཆོས་བསླབ་གཞིའི་བསྐྱར་ཞིབ་ཚོགས་ཆུང་གི་ཐ་མའི་གཏན་འབེབས་ཚོགས་འདུ་སྐོང་ཚོགས་གནང་།

འདས་པའི་ལོ་ལྔ་བཅུ་ལྷག་གི་རིང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་རིགས་ལམ་འདི་དགོན་པ་ལས་བརྒལ་ཏེ། གཞི་རིམ་སློབ་གྲྭ་ཁག་གི་ནང་དུ་དར་སྤེལ་གཏོང་དགོས་པའི་དགོངས་གཞི་དང། བཀའ་སློབ་ལམ་སྟོན་ལྟར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། གཞི་རིམ་སློབ་གྲྭའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་རིགས་ལམ་དང་ནང་ཆོས་ཀྱི་སློབ་ཚན་ལ་བསྐྱར་ཞིབ་ཀྱིས། ཕྱི་ལོ་༢༠༡༤ ཟླ་༡༡ པའི་ནང་གཞི་རིམ་བར་མ་དང་གོང་མའི་རིགས་ལམ་སློབ་དེབ་གཏན་འབེབས་ཟིན་པ་དང་། ད་ལན་གོང་ཚེས་ཉིན་ནང་ཆོས་སློབ་དེབ་རྩོམ་སྒྲིག་པ་བོད་མི་མང་སྤྱི་འཐུས་ལྷ་རམས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་མཆོག་དང་། བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ལས་རོགས་བསོད་ནམས་བཟང་པོ་ལགས། བསྐྱར་ཞིབ་ཚོགས་མི་ཧར་པ་པུར་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་བློ་ལྡན་ལགས། རྡོར་གླིང་གཏན་སློབ་ཀྱི་ཆོས་དགེ་དགེ་བཤེས་བསྟན་པ་ལགས། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ཆོས་དགེ་དགེ་བཤེས་བློ་བཟང་མཁས་གྲུབ་ལགས། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་ཆོས་དགེ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་ལྷན་འཛོམས་ཐོག་རྩོམ་སྒྲིག་ཟིན་པའི་ནང་ཆོས་ཀྱི་སློབ་ཚན་རེ་རེའི་ཐོག་སྣོན་འཕྲི་སྤོར་གཅོག་དང། གོ་བསྡུར་སྦྱངས་བཤད་ཀྱི་ཐ་མའི་གཏན་འབེབས་གནང་རྒྱུ་ཡིན་པ་དང། འདི་ལོར་དཔར་སྐྲུན་ཟིན་པ་བྱས་ཏེ། གཏན་ཉིན་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱ་རྒྱུ་བཅས།

སྔོན་མ།
རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་སྔ་ལས་ཕྲན་བུ་ཞན་དུ་ཕྱིན་འདུག
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་གཞི་རིམ་བར་མའི་ཨིན་དགེ་ཟབ་སྦྱོང་ཚུགས་པ།
Menu