ཟླ་རེའི་གསར་འགྱུར།

ཊེན་ནོན་ཨི་སི་རལ་བཟོ་སྐྲུན་རིག་གནས་སློབ་ཁང་ནས་སློབ་ཡོན་ངོས་བཞེས་མ་གནང་བ།

གསར་འཕྲིན།

ཨི་སི་རལ་ཊེཀ་ནོན་བཟོ་སྐྲུན་རིག་གནས་སློབ་ཁང་ནས་ཕྱི་ལོ་ ༢༠༡༡ ལོའི་སྙན་འབུལ་བའི་ཁོངས་ནས་འཛིན་རིམ་བཅུ་པ་དང་བཅིུས་གཉིས་ཀྱི་ཨང་རྩིས་དང་ཚན་རིག་སློབ་ཚན་སོ་སོའི་ནང་བརྒྱ་ཆ་ ༩༠ ཡན་ལོན་མེད་པར་བརྟེན་སློབ་ཡོན་ཞལ་བཞེས་གནང་མེད། སློབ་ཡོན་འདི་བཞིན་ཐོག་མར་ཕྱི་ལོ་ ༢༠༡༠ ལོ་ནས་འགོ་འཛུགས་ཞུས་པ་ཞིག་ཡིན་པ་དང་། སྐབས་དེར་རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བློ་བཟང་འདེམས་ཐོན་བྱུང་ སྟེ་བཟོ་སྐྲུན་རིག་གནས་ཀྱི་ (Civil Engineering) སློབ་ཚན་ཐོག་མཐོ་སློབ་འགྲིམ་བཞིན་ཡོད། སློབ་ཁང་ནས་ལོ་རྗེས་མའི་ནང་གལ་ཏེ་དོན་གཉེར་ཅན་སློབ་ཕྲུག་ཁོངས་ནས་དགོས་ མཁོའི་བརྒྱ་ཆ་ཚད་གཞི་ལོན་པ་ཡོད་ཚེ་སློབ་ཡོན་གནང་གཏན་འཁེལ་འདུག་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ།

སྔོན་མ།
མི་ཆོས་གནད་ཀྱི་ཕྲེང་བ།
ཕྱི་མ།
ཨིན་ཡུལ་ལོན་ཌོན་མེ་ཀྲོརོ་པོ་ལི་ཊན་གཙུག་ལག་སློབ་ཁང་དུ་བོད་ཕྲུག་གཉིས་འདེམས་ཐོན་བྱུང་བ།
Menu