ཟླ་རེའི་གསར་འགྱུར།

དགའ་ལྡན་ཕོ་བྲང་སློབ་ཕྲུག་གི་གཟེངས་རྟགས་བྱ་དགའ་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ཡོངས་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་བསྟུན་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་བའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་པ་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིན་བྱོན་གྱི་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་ཆེད་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཚན་ཁག་གསུམ་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མི་དཔེ་བཟང་པོ་སྟོན་ཐབས་ཆེད་ཡིན་འདུག
    འདི་ལོ་བྱ་དགའ་ཐེངས་བཅུ་གཅིག་པ་དེ་བཞིན་སློབ་ཕྲུག་རྩེ་ཕུད་གསུམ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་། ཧིན་སྒོར་ ༥༠༠༠ ལག་རྟགས་དཔེ་དེབ་ཁག་གཅིག་བཅས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གནང་ཡོད། རྩེ་ཕུད་སློབ་མ་གསུམ་གྱི་ངོ་སྤྲོད་སྙིང་བསྡུས་ནི།

༡།   ཚན་རིག་སྡེ་ཚན་ཁོངས་ནས། སེ་ལ་ཀུ་ཡེ་བོད་ཁྱིམ་སློབ་མ། བསྟན་འཛིན་ཟླ་བ་ལགས། བརྒྱ་ཆ་ ༩༠།༤ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ (Shaheed Raj Guru College of Applied Science for Woman, Delbi) སློབ་སྦྱོང་གནང་བཞིན་ཡོད།

 

༢།   སྒྱུ་རྩལ་སྡེ་ཚན་ཁོངས་ནས། མ་སུ་རི་བོད་ཁྱིམ་གྱི་སློབ་མ། ཡེ་ཤེས་ཟླ་བ་ལགས། བརྒྱ་ཆ་ ༨༦།༨ ད་ལྟ་ཝ་ན་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་དུ་( Banaras Hindu University,) སློབ་སྦྱོང་གནང་བཞིན་ཡོད།

 

༣།   ཚོང་རིག་སྡེ་ཚན་ཁོངས་ནས། མོན་གྷོ་གཏན་སློབ་ཀྱི་སློབ་མ། ལྷག་པ་སྒྲོལ་མ་ལགས། བརྒྱ་ཆ་ ༩༡།༨ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་( Madaras Christian College )སློབ་སྦྱོང་གནང་བཞིན་ཡོད་པ་བཅས་ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་ཡོད་བཅས།།

སྔོན་མ།
སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོ་ཚོགས་པ།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བ།
Menu