ཟླ་རེའི་གསར་འགྱུར།

དགེ་འོས་བ་རྣམས་ལ་ཀེལ་རོག་དགེ་འོས་གཙུག་ལག་སློབ་ཁང་དུ་སྦྱོང་བརྡར་སྤྲད་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུས་པའི་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་བ་རྣམས་ལ་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡ ནས་ ༣༠ བར་ཨེམ་དྷ་བྷཊ་ཀེལ་རོག་དགེ་འོས་གཙུག་ལག་སློབ་གཉེར་ཁང་ (Calorx Teachers’ University) དུ་དམིགས་བསལ་སྦྱོང་བརྡར་གོ་སྒྲིག་ཞུས་ཡོད་པ་དང༌།  ཟླ་བ་གཅིག་རིང་དགེ་འོས་སློབ་མ་རྣམས་ལ་ཨིན་ཡིག་དང་ཨང་རྩིས། སྤྱི་ཚོགས་ཚན་རིག་ཁྲིད་ཐབས།  ཀེལ་རོག་ཁྱབ་ཁོངས་སློབ་ཁག་ནང་ལག་ལེན་སྦྱོང་བརྡར་སོགས་གོ་སྐབས་གནང་རྒྱུ་ཡིན་པ་དང༌། ད་ལན་སྦྱོང་བརྡར་ནང་དགེ་འོས་སློབ་མ་ ༡༧ ནས་ཆ་ཤས་བླངས་ཡོད་པ་རེད། 
        ཀེལ་རོག་དགེ་འོས་སློབ་ཁང་ནི་ཨེམ་དྷ་བྷཊ་ནང་ཡོད་པའི་རྒྱ་གར་དགེ་འོས་གཙུག་ལག་སློབ་ཁང་དྲག་གྲས་ཤིག་ཡིན་པ་དང། གཙུག་ལག་ཁང་དེའི་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་འདས་པའི་དགེ་རྒན་འོས་སྦྱོང་ཁག་གཉིས་ལ་སྦྱོང་བརྡར་གོ་སྒྲིག་གནང་མྱོང་ཡོད་པ་བཅས།
 

སྔོན་མ།
དགེ་རྒན་གྱི་ལས་རིགས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་རིམ།
ཕྱི་མ།
གཞི་རིམ་གོང་མའི་བོད་ཡིག་བསླབ་གཞི་རྩ་འཛིན་དང་སློབ་དེབ་གཏན་འབེབས།
Menu