ཟླ་རེའི་གསར་འགྱུར།

དགེ་རྒན་གྱི་ཤེས་ནུས་རྟོག་ཞིབ་གནང་ཕྱོགས་ཀྱི་ཚོགས་འདུ་བསྐྱངས་པ།

གསར་འཕྲིན།

༄༅། །ཕྱི་ལོ་༢༠༡༣ ཟླ་༧ ཚེས་༢༩ ཉིན་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་དགེ་རྒན་གྱི་ཤེས་ནུས་རྟོག་ཞིབ་གནང་ཕྱོགས་ཀྱི་ཚོགས་འདུ་ཞིག་ཤེས་རིག་ལས་ཁུངས་སུ་བསྐྱངས་ཡོད་པ་རེད།
 དེ་ཡང་ཚོགས་འདུ་རུ་སམ་བྷོ་ཊ་བོད་སློབ་སྤྱི་ཁྱབ་ཡིག་ཚང་གི་འགན་འཛིན་ཀརྨ་ཆུང་བདག་ལགས་དང། དྷ་ས་བོད་ཁྱིམ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྒྲོལ་དཀར་ལགས།  ཤེས་རིག་གི་སྲོལ་རྒྱུན་ཚན་པས་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་བཅས་ནས་མཉམ་ཞུགས་གནང་སྟེ།  ཚོགས་འདུའི་ཐོག་ཤེས་ཡོན་སྲིད་བྱུས་གསར་པའི་དགོངས་དོན་བཞིན་དགེ་རྒན་གྱི་ཤེས་ནུས་དང་ཀུན་སྤྱོད་ཀྱི་ཚད་གཞི་ལ་བཏང་འཛིན་བྱེད་པའི་ཆ་རྐྱེན་གསར་གཏོད་དང་།  དགེ་རྒན་ལས་སྒོར་བསྐྱར་ཞུགས་ཆོག་པའི་ལག་འཁྱེར་སྤྲོད་ཕྱོགས་ཀྱི་ལས་རིམ་གོ་སྒྲིག ལག་བསྟར་བྱ་ཐབས། སློབ་ཁག་སྤྱི་ལ་ཁྱབ་པའི་དགེ་རྒན་གྱི་ཤེས་ནུས་དང་ཀུན་སྤྱོད་རྟོག་ཞིབ་གནང་ཕྱོགས་སྐོར་ལ་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས།
 

སྔོན་མ།
མ་སུ་རི་བོད་ཁྱིམ་དུ་ཟུར་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
བྷུན་ཊར་དགེ་འོས་སློབ་ཁང་གི་སློབ་དཔོན་རྣམས་ལ་ཟབ་སྦྱོང་སྤྲད་པ།
Menu