ཟླ་རེའི་གསར་འགྱུར།

དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།

གསལ་བསྒྲགས།

༄༅། །ཕྱི་ལོ་ ༢༠༢༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་མཐོ་སློབ་དང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ཀྱིས་རྩོམ་ཡིག་འབྲི་བའི་ལས་རིམ་སྤེལ་བ་བཞིན། འདི་ལོ་ནས་དགེ་རྒན་ཁྱད་ལས་ཡར་རྒྱས་དང་། ཤེས་ཡོན་དང་ཉམས་མྱོང་བརྗེ་རེས་ཆེད་རང་རང་གི་ཉམས་མྱོང་ལས་བྱུང་བའི་ལེགས་ཆ་ཡིག་ཐོག་སྤེལ་བའི་ལས་རིམ་ཞིག་དང་། དེ་བཞིན་སློབ་ཕྲུག་(འཛིན་རིམ་༦-༡༢)རྣམས་ཀྱིས་རྩོམ་ཡིག་འབྲི་བར་སྐུལ་ལྕག་ཐེབས་ཕྱིར་རྩོམ་འབྲིའི་ལས་རིམ་ཞིག་ལོ་གཅིག་ལ་ཐེངས་གཉིས་སྤེལ་རྒྱུ་ཡིན་ན། དགེ་རྒན་དང་སློབ་ཕྲུག་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་དང་། འདི་གར་འབྱོར་བའི་རྩོམ་ཡིག་ནང་ནས་དགེ་རྒན་གྱི་རྩོམ་ཡིག་ལེགས་གྲས་༡༥ དང་། སློབ་ཕྲུག་གི་རྩོམ་ཡིག་ལེགས་གྲས་༣༠ (འཛིན་རིམ་༦-༨ པའི་རྩོམ་ཡིག་༡༣ དང་། འཛིན་རིམ་༩-༡༢ བར་གྱི་རྩོམ་ཡིག་༡༧)འདེམས་སྒྲུག་གིས་ལས་ཁུངས་ཀྱི་གཏན་འབེབས་སྒྲིག་གཞི་གཞིར་བཟུང་སྟོང་མིན་ཙམ་གྱི་རྩོམ་ཡོན་ཕུལ་ཏེ། བདམས་ཐོན་བྱུང་བའི་རྩོམ་ཡིག་རྣམས་བོད་ཡིག་སློབ་སྦྱོང་དྲ་ཚིགས་སྟེང་འགོད་སྤེལ་ཞུ་རྒྱུ་ཡིན།

དུས་ཡུན། ཕྱི་ལོ་༢༠༢༡ ཟླ་ ༤ ཚེས་༥ ནས་ཟླ་ ༦ ཚེས་ ༡༥ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་

རྒྱུ་མིན།

རྩོམ་ཡིག་འབྲི་སྐབས་གཤམ་གསལ་དོན་གནད་རྣམས་ལ་དོ་སྣང་གནང་དགོས།   

༡། རྩོམ་ཡིག་གི་བརྗོད་གཞི།

༡.༡ དགེ་རྒན་གྱི་བརྗོད་གཞི།

ཀ       སློབ་ཁྲིད་ཐབས་ལམ།

ཁ       སློབ་ཚན་འཆར་འགོད། (སྐད་ཡིག་དང་ཚན་རྩིས་སོགས་གང་ཡིན་ཡང་རུང་)

ག       འཛིན་གྲྭ་སྟངས་འཛིན་བྱེད་སྟངས།

ང       སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས་དང། ནང་སྦྱོང་ལ་དག་བཅོས་བྱེད་སྟངས།

ཅ       སློབ་ཕྲུག་ལ་རྩོམ་ཡིག་ཁྲིད་སྟོན་བྱེད་སྟངས།

ཆ       སློབ་ཕྲུག་གི་ཤེས་ཚད་འཇལ་ཐབས་བཅས་ལས་གང་རུང་ཞིག

. སློབ་ཕྲུག་གི་བརྗོད་གཞི་རང་མོས་ཡིན། (བོད་དགེ་རྣམ་པས་ཁུར་དུ་བླངས་ཏེ། སློབ་ཕྲུག་ལ་རྩོམ་ཡིག་འབྲི་བར་བསྐུལ་དགོས)

༢།  རྩོམ་ཡིག་འབྲི་སྐབས་བརྗོད་གཞི་གང་རུང་སྟེང་རང་ཉིད་ཀྱི་ཉམས་མྱོང་དངོས་དང། ཐབས་ལམ་གསལ་འདོན་བྱེད་པ་ལས་གང་ཟག་དང་། ལས་དོན་བྱེ་བྲག་པར་ཟུར་ཟ་དང་། སྐྱོན་བརྗོད། ཚིག་རྩུབ་སྨྲ་བ་སོགས་སྤོང་དགོས།

༣། སློབ་ཕྲུག་གི་རྩོམ་ཡིག་སློབ་ཕྲུག་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན་དགོས་པ་ལས། དགེ་རྒན་དང་། མི་གཞན་པས་འབྲི་མི་ཆོག ཀམ་པུ་ཊར་དུ་འཇུག་སྒྲིག་ཀྱང་སློབ་ཕྲུག་རང་ཉིད་ཀྱིས་བྱེད་དགོས། གལ་སྲིད་མི་གཞན་གྱིས་བྲིས་པར་དོགས་པ་བྱུང་ཚེ་རྩིས་མེད་གཏོང་རྒྱུ་ཡིན།

རྩོམ་ལུས་ལྷུག་མ། ཤོག་བུ་A4 མཐའ་ཚད་སྤྱི་བཏང་བ་(margins Normal) དང། ཡིག་གཟུགས་ཆེ་ཆུང་ཚད། སྨོན་ལམ་དབུ་ཅན་དང་པོ་ཆེ་ཆུང་བཅུ་བཞི། (Monlam Uni Ouchan1 size 14)

.  དགེ་རྒན་གྱི་རྩོམ་ཡིག་ཉུང་མཐའ་ཤོག་ངོས་གསུམ་དང་། མང་མཐའ་ཤོག་ངོས་ལྔ་ལས་བརྒལ་མི་ཆོག

.  སློབ་ཕྲུག་གི་རྩོམ་ཡིག་ཉུང་མཐའ་ཤོག་ངོས་གཅིག་དང་ཕྱེད་ཀ་དང་། མང་མཐའ་ཤོག་ངོས་གསུམ་ལས་བརྒལ་མི་ཆོག

རྩོམ་ཡིག་རྣམས་ཀམ་པུ་ཊར་ནང་འཇུག་སྒྲིག་གིས་གཤམ་འཁོད་གློག་འཕྲིན་སྟེང་བསྐུར་དགོས།

རྩོམ་ཡིག་གི་མཇུག་ཏུ་སློབ་གྲྭ་དང་དོ་བདག་གི་མཚན། གཞི་རིམ་གོང་འོག་བར་གསུམ་གང་གི་དགེ་རྒན་དང་སློབ་ཕྲུག་ཡིན་པ། རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས། (སློབ་ཕྲུག་གི་སློབ་གྲྭའི་ཡིག་ཚང་གི་གློག་འཕྲིན་ཁ་བྱང་དང་། འཛིན་དགེ་ཡི་ཁ་པར་ཨང་གྲངས་འགོད་དགོས།)

རྩོམ་ཡིག་ལེགས་གྲས་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༥ ཉིན།

ཟུང་དྲུང་བསྟན་འཛིན་པདྨ།

ཤེས་ལྷན་འགན་འཛིན་ལས་ཚབ།

རྩོམ་ཡིག་བསྐུར་ཡུལ། [email protected]     འབྲེལ་གཏུགས་ཁ་པར། 9129110984

སྔོན་མ།
དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་མི་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་སྤེལ་བ།
ཕྱི་མ།
༢༠༢༡ ལོའི་ཡིག་འགྲུལ་གྱི་ལམ་ནས་མཐོ་རིམ་སློབ་ཡོན་གསལ་བསྒྲགས།
Menu