ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་དང་མཇལ་འཕྲད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་ཁྲིམས་ཀྱི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གི་ཤེས་རིག་བློན་ཆེན་ལས་ཁུངས་ཀྱི་ཟུང་དྲུང་ལྕམ་སྐུ་ (Smt. Lamchonghoi Sweety Changsan) མཆོག་དང་མཇལ་འཕྲད་ཀྱིས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་གྲྭ་ལྷག་མ་དྲུག་རྩིས་ལེན་ཕྱོགས་དང་འབྲེལ་བའི་ཐད་བཀའ་མོལ་གནང་སྟེ་དེ་རིང་ཕྱི་ཚེས་ ༡༤ ཉིན་རྡ་སར་ཕེབས་འབྱོར་གནང་ཡོད།

མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དིལླཱི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་དང་། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སཾབྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་བཅས་ལྷན་བཅར་ཞུས་ཡོད།། །།

སར་འགྱུར་དྲ་ཐག

སྔོན་མ།
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་རྡོར་གླིང་དང་ཀ་སྦུག་གཏན་སློབ་གཉིས་སུ་འཚམས་གཟིགས་གནང་བ།
ཕྱི་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་བརྒྱད་པ་ལེགས་གྲུབ་ཟིན་པ།
Menu