ཟླ་རེའི་གསར་འགྱུར།

པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་ ༡༧ འདེམས་རྒྱུགས་ནང་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །ཨིན་ཡུལ་པེ་ས་ཊ་ལོ་ཛི་རྒྱལ་སྤྱིའི་ཐེབས་རྩ་ (Pestalozzi International Village Trust, East Sussex, UK) ཞེས་པའི་ཚོགས་པ་ནས་ལོ་ལྟར་འཛིན་རིམ་བཅུ་པ་ཐོན་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་འགའ་ཞིག་ལ་ (Sussex Coast College, Hastings, East Sussex) ཞེས་པའི་མཐོ་སློབ་ཏུ་ལོ་གཉིས་སློབ་སྦྱོང་ཆེད་སློབ་ཡོན་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༣ ལོའི་སློབ་མ་ཚུད་རྒྱུགས་དེ་བཞིན་རྡ་ས་སྨན་རྩིས་ཁང་གི་ཚོགས་ཁང་ནང་ཕྱི་ཟླ་ ༧ ཚེས་ ༢༡ ནས་ ༢༣ བར་གནང་བཞིན་ཡོད།
    ཐེངས་འདིའི་འདེམས་རྒྱུགས་ནང་སེ་ལ་ཀུའེ་བོད་ཁྱིམ་ནས་སློབ་མ་གྲངས་ ༨ དང། བྷེལ་ཀོབ་གཏན་སློབ་ནས་སློབ་མ་གྲངས་ ༣། དེ་བཞིན་མོན་གྷོ་གཏན་སློབ་དང། ཀ་སྦུག་གཏན་སློབ། བྷེལ་ཀོབ་སི་ཝི་པི་བོད་མིའི་སློབ་གྲྭ ཀོ་ལི་གྷལ་བོད་མིའི་སློབ་གྲྭ དྷ་སྟེང་དང་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་རེ་རེ་བཅས་ཁྱོན་སློབ་ཕྲུག་གྲངས་ ༡༧ བརྒྱ་ཆ་རྩེ་བཏོག་གི་ལམ་ནས་ཚུད་རྒྱུགས་ནང་བཞུགས་རྒྱུར་འདེམས་སྒྲུག་གནང་ཡོད།
    ཚུད་རྒྱུགས་ཆེད་གོང་གསལ་ཚོགས་པ་དེའི་འབྲེལ་ཡོད་ལས་བྱེད་ལྕམ་སྐུ་ཧེ་ལེན་པི་ཨར་སན་ (Ms. Helen Pearson) ལགས་ཆེད་ཕེབས་ཀྱིས་དབྱིན་ཡིག་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས་འབྲི་རྒྱུགས་བཅས་ཀྱི་ལམ་ནས་འདེམས་སྒྲུག་གནང་བཞིན་ཡོད་པ་བཅས།།
 

སྔོན་མ།
ལ་དྭགས་བོད་ཁྱིམ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
བོད་པའི་སློབ་གྲྭ་ཁག་གཅིག་གི་ནང་སོའི་འཕྲོད་བསྟེན་སྐོར་སློབ་གསོ་གནང་བ།
Menu