ཟླ་རེའི་གསར་འགྱུར།

པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་བཅོ་ལྔ་ཚུད་རྒྱུགས་ནང་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །ཨིན་ཡུལ་པེ་ས་ཊ་ལོ་ཛི་རྒྱལ་སྤྱིའི་ཐེབས་རྩས་ལོ་ལྟར་འཛིན་རིམ་བཅུ་པ་ཐོན་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་རྣམས་ལ་ (Sussex Coast College, Hastings, UK) ཞེས་པའི་མཐོ་སློབ་ཏུ་ལོ་གཉིས་རིང་སློབ་སྦྱོང་ཆེད་སློབ་ཡོན་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ལོའི་སློབ་མ་ཚུད་རྒྱུགས་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ཕྱི་ཟླ་ ༨ ཚེས་ ༡ ནས་ ༤ བར་གནང་བཞིན་ཡོད།
ཐེངས་འདིའི་འདེམས་རྒྱུགས་སུ་སེ་ལ་ཀུའི་བོད་ཁྱིམ་ནས་སློབ་མ་གྲངས་ལྔ་དང་། མ་སུ་རི་བོད་ཁྱིམ་ནས་སློབ་མ་གྲངས་གསུམ། གྷོ་པལ་པུར་བོད་ཁྱིམ་ནས་སློབ་མ་གྲངས་གཉིས། དེ་བཞིན་མོན་གྷོ་གཏན་སློབ་དང་སྦེལ་ཀོབ་བོད་ཁྱིམ། སྒེར་སློབ་བཅས་ནས་སློབ་མ་རེ་རེ་དང་། ལྡེ་ར་ལྡུན་རྒྱལ་སྤྱིའི་པེ་ས་ཊ་ལོ་ཛི་སློབ་གྲྭ་ནས་སློབ་མ་གཉིས་བཅས་ཁྱོན་སློབ་ཕྲུག་གྲངས་ ༡༥ བརྒྱ་ཆ་རྩེ་བཏོག་གི་ལམ་ནས་ཚུད་རྒྱུགས་ནང་ཞུགས་རྒྱུར་འདེམས་སྒྲུག་གནང་ཡོད་པ་དེ་དག་ཉེ་ལམ་ཕྱི་ཟླ་གསུམ་པའི་ནང་འཛིན་རིམ་བཅུ་པ་ཐོན་པའི་སློབ་ཕྲུག་ཡིན་འདུག
ཚུད་རྒྱུགས་ཆེད་པེ་ས་ཊ་ལོ་ཛི་རྒྱལ་སྤྱིའི་ཐེབས་རྩ་འི་འབྲེལ་ཡོད་ལས་བྱེད་ལྕམ་སྐུ་ Ms. Fay Fellow ལགས་དང་Ms. Estefania ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་ཨིན་སྐད་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས་འབྲི་རྒྱུགས་སོགས་ཀྱི་ལམ་ནས་འདེམས་སྒྲུག་གནང་བཞིན་ཡོད་འདུག
གཞན་ཡང་ཚུད་རྒྱུགས་གོ་སྒྲིག་ཆེད་རྒྱ་གར་ལྷོ་ཕྱོགས་མདུན་ལམ་སློབ་སྟོན་ཚན་པའི་དྲུང་གཞོན་འཇམ་དབྱངས་དབང་རྒྱལ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་ལས་དོ་བློ་བཟང་དར་རྒྱལ་ལགས་ཕེབས་ཡོད་པ་བཅས།།

སྔོན་མ།
བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་།
ཕྱི་མ།
བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་དང་འབྲེལ་བའི་གསལ་བཤད།
Menu