ཟླ་རེའི་གསར་འགྱུར།

པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་ ༢༧ གྱིས་ཚུད་རྒྱུགས་ནང་མཉམ་ཞུགས་གནང་ཡོད།

གསར་འཕྲིན།

༄༅། །ཨིན་ཡུལ་པེ་ས་ཊ་ལོ་ཛི་རྒྱལ་སྤྱིའི་ཐེབས་རྩ་ (Pestalozzi International Village Trust, East Sussex, UK) ཞེས་པའི་ཚོགས་པ་ནས་ལོ་ལྟར་འཛིན་རིམ་བཅུ་པ་ཐོན་པའི་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་འགའ་ཞིག་ལ་ (Sussex Coast College, Hastings, East Sussex) ཞེས་པའི་མཐོ་སློབ་ཏུ་ལོ་གཉིས་སློབ་སྦྱོང་ཆེད་སློབ་ཡོན་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༡༢ ལོའི་སློབ་མ་ཚུད་རྒྱུགས་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ཕྱི་ཟླ་ ༧ ཚེས་ ༢༠ ནས་ ༢༣ བར་གནང་བཞིན་ཡོད། ཐེངས་འདིའི་འདེམས་རྒྱུགས་སུ་རྡ་ས་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་གྲངས་ ༡༤ དང། བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་ནས་སློབ་མ་གྲངས་ ༡༠།
    དེ་བཞིན་མ་སུ་རི་བོད་ཁྱིམ་དང་སམ་བྷོ་ཊ། རྒྱ་གར་ནང་གི་སྒེར་པའི་སློབ་གྲྭ་བཅས་ནས་སློབ་མ་གྲངས་རེ་རེ་བཅས་ཁྱོན་སློབ་ཕྲུག་གྲངས་ ༢༧ བརྒྱ་ཆ་རྩེ་བཏོག་གི་ལམ་ནས་ཚུད་རྒྱུགས་ནང་བཞུགས་རྒྱུར་འདེམས་སྒྲུག་གནང་ཡོད། ཚུད་རྒྱུགས་ཆེད་གོང་གསལ་ཚོགས་པ་དེའི་འབྲེལ་ཡོད་ལས་བྱེད་ལྕམ་སྐུ་མར་གྷ་རེ་ཊི་ (Margaret Alexander) ལགས་དང་ཝིག་ཊོ་རི་ཡ་ (Victoria Wilson) ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་ཨིན་སྐད་ཡིག་འབྲི་རྒྱུགས་དང་ངག་རྒྱུགས། ཚན་རིག་དང་ཨང་རྩིས་འབྲི་རྒྱུགས་བཅས་ཀྱི་ལམ་ནས་འདེམས་སྒྲུག་གནང་བཞིན་ཡོད། གཞན་ཡང་ཚུད་རྒྱུགས་གོ་སྒྲིག་ཆེད་འདི་ག་ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཚན་པའི་དྲུང་གཞོན་སྐལ་བཟང་རིན་ཆེན་ལགས་དང་ལས་དྲུང་བསྟན་འཛིན་འཇིགས་མེད་ལགས་ཕེབས་ཡོད།

   གོང་གསལ་ཚོགས་པ་དེ་ནས་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༡༩༦༣ ལོ་ནས་བཟུང་སློབ་ཡོན་ཞལ་བཞེས་གནང་བཞིན་ཡོད་པ་བཅས།།

སྔོན་མ།
༄༅།།བློ་སྦྱོང་ཚིགས་བརྒྱད་མ་རྩ་འགྲེལ་བཞུགས་སོ། །
ཕྱི་མ།
མདུན་ལམ་སློབ་སྟོན་པ་མ་སུ་རིར་ཕྱོགས་ཕེབས་གནང་བ།
Menu