ཟླ་རེའི་གསར་འགྱུར།

ཕུལ་བྱུང་བྱ་དགའ་དང་དགའ་ལྡན་ཕོ་བྲང་གི་བྱ་དགའ་སོན་པའི་སློབ་མའི་མཚན་ཐོ།

༄༅། །ཕྱི་ལོ་ ༢༠༢༣ གྱི་ཤེས་རིག་སློབ་ཡོན་གསར་པའི་ནང་གསལ་ཕུལ་བྱུང་བྱ་དགའ་ནི། འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་ཨང་ཐོབ་ལེགས་ཤོས་ལྔའི་རྒྱུགས་འབྲས་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་པའི་བོད་མིའི་སློབ་ཕྲུག་རྣམས་ལ་པང་ཐོག་ཀམ་པུ་ཊར་ (Laptop) རེ་དང་ལག་འཁྱེར་གནང་རྒྱུ་གཏན་འཁེལ་བ་བཞིན། འདི་ལོའི་ཕུལ་བྱུང་བྱ་དགའ་ཐོབ་མཁན་སློབ་ཕྲུག་ལྔ་ནི།

ཕུལ་བྱུང་བྱ་དགའ།

ཨང་། སློབ་ཕྲུག་གི་མིང་། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་སྐལ་བཟང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ༩༦.༤
བསྟན་འཛིན་འཛོམས་སྐྱིད། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༦
བསྟན་འཛིན་ཡར་འཕེལ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༦
བསྟན་འཛིན་བདེ་སྐྱིད། མ་སུ་རི་བོད་ཁྱིམ་སླབ་གྲྭ། ༩༥.༤
ཉི་མ་མཚམས་གཅོད། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༥.༢

དགའ་ལྡན་ཕོ་བྲང་བྱ་དགའ།

དགའ་ལྡན་ཕོ་བྲང་བྱ་དགའ་ནི། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་དང་བསྟུན། ༸གོང་ས་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་ལས་བཅས་སྡེ་ཚན་སོ་སོའི་ཁོངས་སུ་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་གསུམ་རེར་ལེགས་གསོལ་བྱ་དགའ་དང་ལག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་བཅས་ཡིན།

ཤེས་རིག་ལས་ཁུངས་ནས་སློབ་ཚན་སྡེ་ཚན་གསུམ་གྱི་རྩེ་ཕུད་རྣམས་ལ་ལག་འཁྱེར་དང་། ཨང་དང་པོར་བྱ་དགའ་སྒོར་ ༢༠༠༠༠ དང་། གཉིས་པར་སྒོར་ ༡༥༠༠༠ གསུམ་པར་སྒོར་ ༡༠༠༠༠ བཅས་གནང་གཏན་འཁེལ་ཡོད། འདི་ལོའི་དགའ་ལྡན་ཕོ་བྲང་བྱ་དགའ་གནང་ཡུལ་སློབ་ཕྲུག་བཅུ་ཡོད་པ་རྣམས་ནི་གཤམ་གསལ་ལྟར་ཡིན།

སྒྱུ་རྩལ་སྡེ་ཚན།

ཨང་། སློབ་ཕྲུག་གི་མིང་། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་འཛོམས་སྐྱིད། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༦
བསྟན་འཛིན་ཡར་འཕེལ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༦
བསྟན་འཛིན་བདེ་སྐྱིད། མ་སུ་རི་བོད་ཁྱིམ་སླབ་གྲྭ། ༩༥.༤
ཉི་མ་མཚམས་གཅོད། དྷ་སྟེང་བོད་ཁྱིམ་སློབ་གྲྭ། ༩༥.༢

ཚན་རིག་སྡེ་ཚན།

ཨང་། སློབ་ཕྲུག་གི་མིང་། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་གཡུ་སྒྲོན། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། ༩༣.༨
འཆི་མེད་བསྟན་འཛིན་དབྱངས་འཛོམས། མོན་གྷོ་སཾ་བྷོ་ཊ་གཏན་སློབ། ༩༣.༦
བསྟན་འཛིན་འཕྲིན་ལས། མོན་གྷོ་སཾ་བྷོ་ཊ་གཏན་སློབ། ༩༢.༢

ཚོང་ལས་སྡེ་ཚན།

ཨང་། སློབ་ཕྲུག་གི་མིང་། སློབ་གྲྭ། བརྒྱ་ཆ།
བསྟན་འཛིན་སྐལ་བཟང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ༩༦.༤
བསྟན་འཛིན་མཁའ་འགྲོ། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ༩༢.༢
བསྟན་འཛིན་ཆོས་དབྱངས། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ། ༩༡

Download PDF

Exellence Scholarshipn

སྔོན་མ།
རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་ལེགས་གྲུབ་ཟིན་པ།
Menu