ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༩ ལོའི་བཱེ་རི་ཡ་མཐོ་སློབ་ཀྱི་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། ཨ་རིའི་བཱེ་རི་ཡ་མཐོ་སློབ་ནང་ཕྱི་ལོ་ ༢༠༡༩ ལོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་ཆེད་འཛུལ་ཞུགས་བྱ་རྒྱུ་དང། སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། དེ་དོན་ཞུགས་བློ་ཡོད་རིགས་རྣམས་ཀྱིས་གཤམ་གསལ་སྦྲེལ་མཐུད་ཁ་བྱང་བརྒྱུད་སློབ་ཡོན་གྱི་ཆ་རྐྱེན་འོས་ཆོས་དང་། འཚང་སྙན་འབུལ་ཕྱོགས། དེ་བཞིན་ཞིབ་ཕྲའི་གནས་ཚུལ་ཁག་གཟིགས་ཐུབ།https://www.berea.edu/admissions/application/ འཚང་སྙན་འགེངས་ཤོག་མཉམ་དགོས་མཁོའི་ཡིག་ཆ་ཁག་མཐོ་སློབ་ཀྱི་སྦྲག་ཐོག་ཁ་བྱང་བརྒྱུད་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༣༠ ནང་ཚུད་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་། སློབ་འཇུག་དང་འབྲེལ་བའི་མཐའ་མའི་ཐག་གཅོད་སྐོར་དོ་བདག་ལ་གློག་འཕྲིན་བརྒྱུད་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣༠ འགྱངས་མེད་ལན་གསལ་གནང་རྒྱུ་ཡིན་འདུག་པ་བཅས།

འཚང་སྙན་འབུལ་ཡུལ་གྱི་ཁ་བྱང་།

Berea College
Office of Admissions
209 Chestnut Street
Berea, KY 40403
USA.

སློབ་འཇུག་ཐད་འདྲི་རྩད་བྱ་ཡུལ་ཁ་བྱང་།

[email protected]

གསལ་བསྒྲགས་འདོན་མཁན།   མཐོ་སློབ་སློབ་ཡོན་ཚན་པ།

Department of Education, CTA.
Gangchen Kyishong, Dharamsala – 176215
Distt. Kangra, Himachal Pradesh India
Phone no. 01892-226695, 222572, 222721
email: [email protected] or [email protected]
website: www.sherig.org / www.lamton.org

སྔོན་མ།
བྱང་ཨ་རིའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ཨ་རིའི་བོད་རིགས་གནས་སྡོད་ས་ཁུལ་ཁག་ལ་འཚམས་གཟིགས་གནང་།
Menu