ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༢༠ ལོའི་སྲིད་སྐྱོང་ཆེད་ལས་སློབ་ཡོན་གསལ་བསྒྲགས།

གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་། ཨ་རི་བོད་ཀྱི་ཐེབས་རྩ་ཐུན་མོང་ནས་གསལ་བསྒྲགས་ཞུ་རྒྱུར། སྲིད་སྐྱོང་ཆེད་ལས་སློབ་ཡོན་དེ་བཞིན་འདི་ལོ་གཙུག་ལག་རབ་འབྱམས་པའི་སློབ་མ་ ༥ ལ་སློབ་ཡོན་གནང་རྒྱུ། སློབ་ཡོན་འདི་ཤེས་རིག་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་རྒྱུ། སློབ་ཡོན་ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། རྒྱ་བལ་འབྲུག་གསུམ་གནས་འཁོད་བོད་མིའི་སློབ་མ་རྩེ་ཕུད་རྣམས་རང་ཉིད་ཀྱི་འདོད་མོས་ཆེ་བའི་ཆེད་ལས་སློབ་སྦྱོང་ཆེད་མཐོ་སློབ་ལེགས་གྲས་ཁག་ནང་སློབ་སྦྱོང་བྱ་རྒྱུར་རོགས་སྐྱོར་ཆེད་ཡིན། སློབ་ཡོན་འདི་ལ་དགོས་ངེས་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༡ འགྱངས་མེད་གཤམ་གསལ་དྲྭ་ལམ་སྦྲེལ་ཐག་བརྒྱུད་འཚང་སྙན་ཕུལ་ཟིན་པ་དགོས།

Application Form

སློབ་ཚན་ཁག འཚང་སྙན་འབུལ་མི་རྣམས་ནས་གཤམ་གསལ་སློབ་ཚན་གང་རུང་ཐོག་སློབ་གཉེར་བྱེད་འདོད་ཡོད་པ་ཞིག་ངེས་པར་དགོས།

  1. MD (Doctor of Medicine), MDS (Master of Dental Surgery)
  2. LLB / LLM (Master of Laws)
  3. MBA (Master of Business Administration)

སློབ་ཡོན་ཚད་གཞི།

སློབ་ཡོན་འདིའི་ཁོངས་འདེམས་ཐོན་བྱུང་བའི་སློབ་མ་སོ་སོས་མཐོ་སློབ་ཏུ་སློབ་ཡོན་དོད་གང་ཕུལ་བའི་བྱུང་འཛིན་ནང་གསལ་ལྟར་སློབ་ཡོན་མཐོ་ཚད་ཧིན་སྒོར་འབུམ་གཉིས་ ༢༠༠༠༠༠ བར་འབུལ་རྒྱུ་དང་། སློབ་ཡོན་མ་ཡིན་པའི་འགྲོ་གྲོན་གཞན་ཆེད་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠ བཅས་འབུལ་རྒྱུ། སྲིད་སྐྱོང་ཆེད་ལས་སློབ་ཡོན་ཁོངས་འདེམས་ཐོན་ཟིན་པ་རྣམས་བསླབ་པ་མཐར་མ་སོན་བར་སློབ་ཡོན་གནང་རྒྱུ། སློབ་ཡོན་དངུལ་འབོར་རྩིས་གཞི་སློབ་ཕྲུག་སོ་སོའི་ལོ་རེའི་ཡིག་ཚད་གྲུབ་འབྲས་དང༌། མཐོ་སློབ་ཀྱི་སློབ་ཡོན་འཕར་ཆག་གནས་སྟངས་གཞིར་བཟུང་ཐག་གཅོད་གནང་རྒྱུ།སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་དང་དགོས་ཁོའི་ཡིག་ཆ་ཁག་གཤམ་གསལ།

  1. སློབ་ཡོན་འདི་བཞིན་ཟུར་སྦྱར་མཐོ་སློབ་མིང་གཞུང་ནང་གི་མཐོ་སློབ་གང་རུང་གཅིག་གི་ནང་སློབ་འཇུག་ཟིན་པ་ཞིག་དགོས།
  2. འཚང་སྙན་འབུལ་མི་རྣམས་བཙན་བྱོལ་བོད་མི་ཡིན་པ་གང་ཞིག་དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༡༩ བར་གཙང་འབུལ་ཟིན་པ་དང༌། རྒྱ་གར་དུ་གནས་སྡོད་བྱེད་མཁན་ཡིན་ན་སྐྱབས་བཅོལ་ལག་དེབ་དུས་འགྱངས་བཀའ་འཁྲོལ་ཡོད་པ་ཞིག་དགོས། དེའི་ཐད་ཞིབ་ཕྲའི་གནས་ཚུལ་ཁག་ འགེངས་ཤོག ཀ་ པའི་ནང་ཁ་གསལ་བཀང་སྟེ་རང་ཉིད་གནས་ཡུལ་གྱི་ས་གནས་འགོ་འཛིན་ནས་དག་མཆན་ཞུ་དགོས།
  3. འཚང་སྙན་འབུལ་མི་རྣམས་སྤྱི་ཡོངས་ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་ནས་གོང་འཁོད་སློབ་ཚན་གང་རུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ་ཞིག་དགོས། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་ཨང་ཤོག་དང་ལག་འཁྱེར་གི་ངོ་བཤུས་འབུལ་དགོས།
  4. རང་ཉིད་ཀྱི་མཐོ་སློབ་དགེ་རྒན་དང༌། སློབ་སྤྱི་གང་རུང་ནས་རྒྱབ་གཉེར་ཡི་གེ་ཁག་གཉིས་རེ་ (Reference letter) ཞུ་འབུལ་དགོས།
  5. དོ་བདག་གི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ (Curriculum Vitae) ཤོག་གྲངས་གཉིས་ལས་མ་ཉུང་བ་འབུལ་དགོས།
  6. ཟུར་སྦྱར་མཐོ་སློབ་ཁང་གང་རུང་ཞིག་གི་ནང་སློབ་འཇུག་ཟིན་པའི་ངོ་སྦྱོར་ཡི་གེ་ཞིག་ངེས་འབུལ་དགོས་རྒྱུ།
  7. རང་ཉིད་སྒེར་གྱི་འགྲེལ་བརྗོད་ (personal statement ) ཤོག་གྲངས་གཅིག་ལས་མ་ཉུང་བ་འབུལ་དགོས།

འབྲེལ་གཏུག་བྱ་ཡུལ། བསོད་ནམས་བཟང་མོ། [email protected]
བློ་བཟང་དར་རྒྱས། [email protected]

Department of Education, CTA
Gangchen Kyishong
Dharamsala – 176 215
Dist. Kangra, Himachal Pradesh, India
Ph: 01892 – 226695, 222572, 222721
website: www.sherig.org/www.lamton.org

གསལ་བསྒྲགས་ངོ་མ།

སྔོན་མ།
ཤེས་རིག་དཔར་ཁང་གི་དཔེ་དེབ་དམིགས་བསལ་ཆ་ཡང་གསལ་བསྒྲགས།
ཕྱི་མ།
སྒྲུང་དེབ་བོད་སྒྱུར་བ་དང་རི་མོ་བ་དགོས་མཁོའི་གསལ་བསྒྲགས།
Menu