ཟླ་རེའི་གསར་འགྱུར།

བལ་ཡུལ་དང་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།

གསར་འཕྲིན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག་དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང། ཕྱི་ལོ་༢༠༡༥ ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་བཅས་སློབ་དེབ་གསར་པ་ཁག་ཅིག་དཔར་འགྲེམས་ཀྱིས་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།
དེ་བཞིན་རྒྱ་གར་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་གྲུབ་ཟིན་པ་དང་། ད་ཐེངས་རྒྱ་གར་བྱང་ཤར་ཁུལ་དང་བལ་ཡུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་གསར་པའི་ནང་དོན་ངོ་སྤྲོད་དང་། ཁྲིད་ཐབས་སོགས་ཀྱི་ཆེད་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཆེད་བསྐྱོད་ཀྱིས་ཕྱི་ལོ་༢༠༡༦ ཟླ་༢ ཚེས༢༢ ནས་༢༤ བར་ཉིན་གྲངས་གསུམ་རིང་སོ་ན་འདའ་བོད་མིའི་མཉམ་འབྲེལ་ཚོགས་ཁང་དུ། བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་རྡོར་གླིང་། སོ་ན་འདའ། ར་ཝང་ལ། ཀ་ལོན་སྦུག ཨོ་རི་ས། བྷན་དྷ་ར། མན་སྤར། མེའོ། ཏི་ཛུ། བསྟན་འཛིན་སྒང་སློབ་གྲྭ་བཅས་དང་། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་ཨ་ཏི་ཤ་སློབ་གྲྭ། སམ་བྷོ་ཊ་ཁྱབ་ཁོངས་ཀྱི་སྤོག་རེ་སྤོང་དང་། ཤིས་ལོང་སློབ་གྲྭ་བཅས་ཀྱི་བོད་ཡིག་དགེ་རྒན་ཉི་ཤུ་ལ་རྒྱུས་སྟོན་ཟབ་སྦྱོང་ཞིག་གོ་སྒྲིག་གནང་སྟེ་ལེགས་གྲུབ་ཟིན་པ་བཅས།

སྔོན་མ།
བཀའ་བློན་མཆོག་གིས་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གསུང་བཤད་གནང་།
ཕྱི་མ།
རྒྱ་གར་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྩིས་དགེ་རྣམས་ལ་ཨང་རྩིས་སློབ་དེབ་གསར་པ་རྒྱུས་སྟོན་དང་ཁྲིད་ཐབས་ཟབ་སྦྱོང་།
Menu