ཟླ་རེའི་གསར་འགྱུར།

བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༢ ཉིན་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད། དེ་ཡང་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་གྲྭ་ཁག་གསུམ་སྟེ། སྲོང་བཙན་མཐོ་སློབ་དང་། རྣམ་རྒྱལ་མཐོ་སློབ། སྤོག་ར་བོད་ཁྱིམ་བཅས་ཀྱི་སློབ་ཕྲུག་གྲངས་ ༡༥༥ ནས་དངོས་སུ་འཛུལ་ཞུགས་བྱས་ཁོངས་སུ་སློབ་ཕྲུག་གྲངས་ ༡༥༤ ཡིག་རྒྱུགས་འཕྲོད་ཡོད།
ཡིག་རྒྱུགས་འཕྲོད་མཁན་སློབ་ཕྲུག་གི་བརྒྱ་ཆ་ ༩༩༌༣༥ ཡིན་པ་དང་། དེའི་ནང་ནས་བུ་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༡༠༠ དང་། བུ་མོ་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༩༥་༨༣ བཅས་ཡིན་འདུག
འདི་ལོའི་བལ་ཡུལ་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་སློབ་ཁག་གི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་གང་ལེགས་བྱུང་བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་དང་། འཛིན་སྐྱོང་། དགེ་རྒན། ཕ་མ་བཅས་ལ་འཚམས་འདྲི་དང་། བསྔགས་བརྗོད་གནང་།།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་རྒྱས་པ་མཇུག་སྒྲིལ་བ།
ཕྱི་མ།
གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་འགོ་འཛུགས་གནང་བ།
Menu