ཟླ་རེའི་གསར་འགྱུར།

བོད་པའི་དགེ་རྒན་ཞིག་ལ་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ཕུལ་བྱུང་ཞབས་ཞུ་བསྒྲུབས་པའི་བྱ་དགའ་གནང་བ།

གསར་འཕྲིན།

༄༅། །འདི་གར་གནས་ཚུལ་འབྱོར་གསལ་ལ། ཧར་སྤ་པུར་གྱི་ཟླ་བ་རིན་འབྱུང་ (Dawa Rinjue School Society, Herbertpur, Dehradun) སློབ་གྲྭའི་འགན་འཛིན་སྐུ་ཞབས་བསོད་ནམས་དབང་འདུས་ལགས་སུ་རྒྱ་གར་སྒེར་གྱི་སློབ་གྲྭའི་སྤྱི་མཐུན་ཚོགས་པ་ (Independent Schools’ Federation of India)  ནས། ༢༠༡༠-༢༠༡༡ ལོའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ཕུལ་བྱུང་ཞབས་ཞུ་བསྒྲུབས་པའི་བྱ་དགའ་གསོལ་རས་གནང་ཡོད་འདུག
    ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༨ ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ། ༢༠༡༠-༢༠༡༡ ལོའི་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ཕུལ་བྱུང་ཞབས་ཞུ་བསྒྲུབས་པའི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་ཤིང༌། རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁུངས་ཀྱི་རྒྱུན་ལས་ཚོགས་གཙོ་དང༌། གྲོས་ཚོགས་ཀྱི་འཐུས་མི་གཅིག་ལྕོགས་སྐུ་ཞབས་ཨོ་སི་ཀར་ཕར་ནན་ཌ་སི་(Shri. Oscar Fernandes) མཆོག་གིས་སྐུ་ཞབས་བསོད་ནམས་དབང་འདུས་ལགས་ལ་གསོལ་སྩལ་གནང༌། སྐབས་དེར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་(CBSE) ཚོགས་གཙོ་སྐུ་ཞབས་ཝི་ནིཏ་ཇོ་ཤི་(Shri. Vineet Joshi) མཆོག་ཀྱང་མཛད་སྒོར་ཕེབས་ཡོད་འདུག
    སྐུ་ཞབས་བསོད་ནམས་དབང་འདུས་ལགས་ནི་ཟླ་བ་རིན་འབྱུང་སློབ་གྲྭའི་འགན་འཛིན་ཡིན་ཞིང༌། སློབ་གྲྭ་འདི་ཨུཏྟར་ཁནྜ་མངའ་སྡེ་ཡི་ཧར་སྤ་པུར་ས་གནས་སུ་ཡོད་ལ། ཕྱི་ལོ་ ༡༩༩༡ ལོར་བཙུགས་པའི་སྒེར་གྱི་སློབ་གྲྭ་ཞིག་ཡིན། སློབ་གྲྭ་འདི་འགོ་འཛུགས་དུས་སློབ་ཕྲུག་བཅུ་གཉིས་དང་དགེ་ལས་གསུམ་ཡོད་ཀྱང༌། ད་ལྟའི་ཆར་སྔོན་འགྲོ་ནས་འཛིན་གྲྭ་བཅུ་པ་བར་སློབ་ཕྲུག་གྲངས་ ༧༠༠ དང༌། དགེ་ལས་གྲངས་ ༢༠ ཡིས་ཕྱག་ལས་གནང་བཞིན་ཡོད། སློབ་གྲྭ་འདིའི་ནང་གི་སློབ་ཕྲུག་མང་ཆེ་བ་ས་གནས་ཀྱི་ཡུལ་མི་ཡིན་འདུག།  

 

སྔོན་མ།
བོད་པའི་བུ་མོ་གཅིག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་སུ་གྲགས་པའི་ཨ་རིའི་རོ་སྡེ་སི་སློབ་ཡོན་ཐོབ་པ།
ཕྱི་མ།
བཤེས་གཉེན་བསྟེན་ཚུལ།
Menu