ཟླ་རེའི་གསར་འགྱུར།

བོད་ཕྲུག་གཉིས་ལ་མཛེས་རྩལ་འགྲན་སྡུར་གྱི་བྱ་དགའ་ཐོབ་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་རྡོར་གླིང་ཁྱབ་ཁོངས་སྤོག་རི་སྦོང་ས་གནས་ཀྱི་ YUWA PRATIVA SANGH   རིག་རྩལ་གཞོན་ནུའི་ཚོགས་པས་ཞ་སྨྱུག་དང་ཚོན་རྩི་གཉིས་ཀྱི་རི་མོའི་འགྲན་སྡུར་ཞིག་གོ་སྒྲིག་ཞུས་ཡོད་པ་དང་།  གོ་སྒྲིག་དེའི་ནང་ས་གནས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཁྱོན་གྲངས་ ༡༨ མཉམ་ཞུགས་བྱས་པའི་ཁྲོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤོག་རི་སྦོང་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་ཕྲུག་ཀྱང་འཛུལ་ཞུགས་བྱས་ཡོད་པ་རེད། མཐའ་མའི་མཛེས་རྩལ་འགྲན་སྡུར་གྱི་གྲུབ་འབྲས་ནང་སྤོག་རི་སཾ་བྷོ་ཊ་གཏན་སློབ་ཀྱི་འཛིན་གྲྭ་ལྔ་པའི་སློབ་མ་བསྟན་འཛིན་ཆོས་སྒྲོན་ལ་ཨང་གཉིས་པ་དང་། བསོད་ནམས་ཆོས་སྐྱིད་ལ་ཨང་གསུམ་པ་ཐོབ་སྟེ་གཟེངས་རྟགས་བྱ་དགའ་དང་ཕྱག་འཁྱེར་བསྩལ་ཡོད་པ་དང་། གནས་ཚུལ་དེ་ཧི་མ་ལ་ཡའི་མེ་ལོང་ཞེས་པའི་ས་གནས་ཀྱི་གསར་ཤོག་ཏུའང་ HIMALAYAN  DARPAN  ཐོན་ཡོད་པའི་གནས་ཚུལ་བཅས། གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྤོང་སམ་བྷོ་ཊ་སློབ་གྲྭའི་བོད་དགེ་རྡོ་རྗེ་རིན་ཆེན།

སྔོན་མ།
གཞི་རིམ་བར་མའི་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པ་མཇུག་བསྒྲིལ་བ།
ཕྱི་མ།
གཞི་རིམ་གོང་མའི་འཛིན་རིམ་དགུ་པ་དང་བཅུ་པ་གཉིས་ཀྱི་སྐད་ཡིག་གི་བསླབ་གཞི་རྩ་འཛིན་ཚོགས་འདུ།
Menu