ཟླ་རེའི་གསར་འགྱུར།

བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པར་འབྲེལ་མཐུད་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༧ ནས་ ༩ བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་ཁང་དུ་རྒྱ་གར་ནང་ཡོད་པའི་བོད་མིའི་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་དྲུག་ལ་འབྲེལ་མཐུད་པའི་ཟབ་སྦྱོང་ཞིག་གནང་།
ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་དཔེ་མཛོད་དོ་དམ་པ་ཚོས་དཔེ་དེབ་རིགས་འདྲ་མིན་ཡོད་པ་རྣམས་ལ་བདག་ཉར་དང་བཀོལ་སྤྱོད། དེ་བཞིན་འབྲེལ་ཡོད་དཔེ་མཛོད་ཁང་གི་ནང་དུ་དཔེ་དེབ་འདྲ་མིན་གསོག་འཇོག་བྱ་རྒྱུའི་ཐོག་ལྟ་ཚུལ་ཡར་རྒྱས་བཏང་སྟེ། དཔེ་མཛོད་ཀྱི་ཁོར་ཡུག་བཟང་དུ་བསྐྲུན་ཐབས། དེ་བཞིན་དཔེ་མཛོད་ཀྱི་འཆར་འགོད་བྱེད་ཕྱོགས་དང་དཔེ་མཛོད་གཞན་ཁག་ལ་དངོས་སུ་བསྐྱོད་ནས་ཉམས་གསོག་བྱ་རྒྱུའི་སྐོར་སོགས་ལ་ཟབ་སྦྱོང་གནང་འདུག ཟབ་སྦྱོང་དེ་བཞིན་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་ པོ་ལགས་དང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་ལེགས་མཛེས་ལགས་རྣམ་གཉིས་ཀྱིས་དབུ་འབྱེད་གནང་།
དེ་ཡང་ཉིན་དང་པོའི་སྐབས་ཟབ་འཁྲིད་པ་རྣམས་ཀྱིས་དཔེ་མཛོད་དོ་དམ་པ་རྣམས་ལ་འབྲེལ་མཐུད་པ་བསྐོ་གཞག་བྱས་ནས་བོད་མིའི་སློབ་གྲྭ་ཁག་ནང་ཁུལ་གྱི་དཔེ་མཛོད་དབར་འབྲེལ་མཐུད་ཡར་རྒྱས་ཇི་ལྟར་གཏོང་དགོས་སྐོར་དང་། ཉིན་གཉིས་པར་ཚོགས་ཞུགས་པ་ཚོས་ལྡི་ལི་གསར་པའི་ནང་ཡོད་པའི་ཨ་རི་བསྟི་གནས་ཁང་དུ་གཟིགས་སྐོར་དུ་ཕེབས་ཡོད་པ་མ་ཟད། ཨ་རི་གཞུང་ཚབ་ཁང་གི་སློབ་གྲྭར་ཕེབས་ཏེ་སྔོན་འགྲོ་དང་འབྲིང་རིམ། སློབ་གྲྭ་ཆེ་བ་བཅས་ཀྱི་དཔེ་མཛོད་ནང་གཟིགས་ཞིབ་གནང་འདུག
ཐེངས་འདིའི་ཟབ་སྦྱོང་འདི་བཞིན་ཨ་རི་བོད་ཀྱི་ཐེབས་རྩ་བརྒྱུད་ཨ་རི་ USAID རོགས་ཚོགས་ནས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག དེ་ཡང་ཐེངས་འདིར་ཟབ་ཁྲིད་པ་ལྕམ་སྐུ་ཨུ་ཤ་མུ་ཀུན་ཌ་ Dr. Usha Mukunda ལགས་དང་སུ་ཇ་ཏ་ནོ་རོ་ན་ Sujata Norohna ལགས་རྣམ་གཉིས་ཡིན་འདུག

སྔོན་མ།
སྲིད་སྐྱོང་མཆོག་གིས་གནམ་གྲུ་བཟོ་གཏོང་རིག་རྩལ་ཐོག་སློབ་གཉེར་བྱེད་བཞིན་པའི་འཇིགས་མེད་ཚེ་རིང་ལགས་ཀྱིས་གཟེངས་ཐོན་གྲུབ་འབྲས་ལ་བསྔགས་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་སྤེལ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་ཟློས་དགེ་རྣམས་ལ་རོལ་ཆའི་སྒྱུ་རྩལ་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ཚོགས་པ།
Menu