ཟླ་རེའི་གསར་འགྱུར།

བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ཕོ་མོ་སོགས་ཀྱི་དབྱེན་འབྱེད་འགོག་ཐབས་དང་འབྲེལ་བའི་དྲ་ཐོག་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༡༦ ནས་ ༡༨ བར་བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ཕོ་མོ་སོགས་ཀྱི་དབྱེ་འབྱེད་འགོག་ཐབས་དང་འབྲེལ་བའི་དྲ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།

དྲ་ཐོག་ཟབ་སྦྱོང་ཐོག་རྡ་ས་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སམ་བྷོ་ཊ་བོད་སློབ་ཚོགས་པ། བལ་ཡུལ་གངས་ཅན་བདེ་རྩ་ཁྱབ་ཁོངས་བོད་སློབ་ཁག་གི་མདུན་ལམ་སློབ་སྟོན་པ་ཉི་ཤུ་རྩ་གཅིག་ལ་ཕོ་མོ་སོགས་ཀྱི་ངོ་བོ་དང་། རྣམ་འགྱུར་སྟོན་སྟངས། ཆགས་སྲེད་ཀྱི་རྣམ་འགྱུར། ཕོ་མོ་སོགས་ཀྱི་ལས་འགན། ངན་གོམས་གཤིས་ལུགས། ཕོ་མོ་སོགས་ཀྱི་རྟགས་ལ་བརྟེན་ནས་རྩུབ་སྤྱོད་སྤོངས་ཐབས་སོགས་ཀྱི་སྐོར་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བུད་མེད་ནུས་སྟོབས་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་དང་། ཤེས་ཡོན་ཁྱད་མཁས་པ་སྐལ་བཟང་དབང་འདུས་ལགས་གཉིས་ནས་རྒྱུས་མངའ་སློབ་སྟོན་གནང་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་དང་འབྲེལ་འདྲིས་བྱེད་སྐབས་མདུན་ལམ་སློབ་སྟོན་པ་རྣམས་ནས་ཕོ་མོ་སོགས་རྟགས་ཀྱི་དབྱེ་བ་ངོ་འཕྲོད་རྒྱུ་དང་། དེ་ཉིད་གལ་གནད་ཆེན་པོ་ཡིན་པ་གོ་རྟོགས་ཡོང་སླད་ཡིན་པ་རེད། དྲ་ཐོག་ཟབ་སྦྱོང་འདིར་ (Global Affiars Canada) རོགས་ཚོགས་ཀྱིས་མཐུན་འགྱུར་སྦྱར་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གངས་སྐྱིད་མེ་ཏོག་བུ་བཅོལ་ཁང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་པ།
ཕྱི་མ།
སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མའི་དགེ་རྒན་དང་སྤྱི་ཚོགས་ཚན་རིག་དགེ་རྒན་སློབ་ཕྲུག་རིགས་ལམ་རྒྱུས་སྟོན་པ་གསོ་སྐྱོང་གི་ཟབ་སྦྱོང་བཅས་ཟབ་སྦྱོང་ཁག་གསུམ་མཇུག་བསྒྲིལ་བ།
Menu