ཟླ་རེའི་གསར་འགྱུར།

བོད་སློབ་འཛིན་ཚོགས་ཀྱིས་རྩིས་སྤྲད་ཟིན་པའི་གཞི་རིམ་འོག་མའི་སློབ་དགེ་རྣམ་པར་ཟབ་སྦྱོང་འགོ་འཛུགས་སྤྲད་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག་སྦེལ་ཀོབ་ས་སྐྱ་ཚོགས་ཁང་ནང་སྦེལ་ཀོབ་ཁུལ་གྱི་བོད་སློབ་འཛིན་ཚོགས་ཀྱི་གཞི་རིམ་འོག་མའི་སློབ་གྲྭ་བཞི་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ཟིན་པའི་སློབ་དགེ་རྣམས་ལ་ཟབ་སྦྱོང་ཞིག་སྤྲད་་པ་དང། ཟབ་སྦྱོང་གི་བརྗོད་གཞི་ནི། དང་པོ། གཞི་རིམ་འོག་མའི་རྒྱུན་མཐུད་ཞིབ་འཇུག་གི་འགྲོ་ལུགས་ལག་བསྟར་ཞུ་ཕྱོགས། གཉིས་པ། གཞི་རིམ་འོག་མའི་སློབ་ཚན་ཁག་གི་དྲི་ཤོག་བཟོ་སྟངས་དང་སློབ་ཚན་འཆར་འགོད་གནང་ཕྱོགས། གསུམ་པ། ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཞི་དང་དགེ་རྒན་གྱི་མཚན་ཉིད་སྐོར་ལམ་སྟོན་གནང་ཕྱོགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་འདུག
ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ནང་གཞི་རིམ་འོག་མའི་སློབ་གྲྭ་ཁག་བཞི་ནས་ཁྱོན་དགེ་རྒན་ ༡༩ མཉམ་ཞུགས་གནང་ཡོད་པ་དང། དེ་བཞིན་འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་རྩིས་བླངས་ཟིན་པའི་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ ཀྱི་དགེ་རྒན་རྣམ་པར་ཡང་ཟབ་སྦྱོང་སྤྲོད་འཆར་ཡོད་འདུག་པ་བཅས།།
 

སྔོན་མ།
གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས།
ཕྱི་མ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༧ ནས་ ༩ བར་གྱི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་ཆུང་ཁག་གི་གྲོས་གཞི་དོན་ཚན་གསུམ་ཐོག་སྤྱི་མོས་དང་མང་མོས་བྱུང་བའི་སྙན་ཐོ་ལས་ཕྱོགས་བསྡོམས་ཞུས་པའི་གྲོས་ཆོད།
Menu