ཟླ་རེའི་གསར་འགྱུར།

བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༡༢ ཚེས་ ༡ ནས་ ༤ བར་ཉིན་བཞིའི་རིང་བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་གཏན་འབེབས་ཚོགས་འདུ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད།
ཐེངས་འདིའི་ཚོགས་འདུའི་ཐོག་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་ཞུས་པའི་འཛིན་རིམ་གསུམ་པའི་སློབ་དེབ་དང་། འཛིན་རིམ་བཞི་པའི་སློབ་དེབ་རྙིང་པ། འཛིན་རིམ་ལྔ་པའི་སློབ་དེབ་རགས་ཟིན་ཕུལ་འབྱོར་བྱུང་དོན་བཞིན་བསྐྱར་ཞིབ་ཀྱིས་གཏན་འབེབས་ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་དང་། ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན་ཨ་ཙཱརྱ་ཀརྨ་སྨོན་ལམ། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཌོག་ཊར་མཆོག་བསྟན་འཛིན་སྨོན་ལམ། དཔེ་སྟོན་སློབ་གྲྭའི་བོད་དགེ་བསམ་གྲུབ། ཤེས་རིག་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་དང་བཀྲ་ཤིས་རྡོ་རྗེ་ལགས། སྤྱི་ཚན་རྩོམ་སྒྲིག་པ་བྷུདྷ་སྐྱབས། གཟའ་མཇུག་སློབ་དེབ་རྩོམ་སྒྲིག་འགན་ཁུར་བ་དཔལ་ལྡན་རྡོ་རྗེ་བཅས་མཉམ་ཞུགས་གནང་ཡོད་པ་རེད།
ཉེ་སྔོན་ཕྱི་ཟླ་ ༩ པའི་ནང་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་རྩོམ་གཏན་འབེབས་ཚོགས་འདུ་བསྐྱངས་ཟིན་པ་དང་། རིང་མིན་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་དེབ་གཏན་འབེབས་ཚོགས་འདུ་གོ་སྒྲིག་ཞུ་འཆར་ཡོད་པ་བཅས།།

སྔོན་མ།
ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་མཐུན་པའི་འཛིན་རིམ་གསུམ་པའི་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སློབ་ཁག་གི་དབུས་རིག་གཞུང་འཁྲབ་སྟོན་དང་འགྲེམས་སྟོན་འདུ་འཛོམས་ཀྱི་གནས་ཚུལ།
Menu