ཟླ་རེའི་གསར་འགྱུར།

བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༩ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་བོད་ཡིག་སློབ་དེབ་མཐའ་མའི་གཏན་འབེབས་ཚོགས་འདུ་ཞིག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་གོ་སྒྲིག་ཞུས་ཡོད།
ཐེངས་འདིའི་ཚོགས་འདུ་ཐོག་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག གཙོ་བོ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་དང་། ལས་རོགས་སྐལ་བཟང་ཆོས་སྒྲོན། བློ་བཟང་ཚེ་རིང་། སངས་རྒྱས་སྒྲོལ་མ་བཅས་ནས་རྩོམ་སྒྲིག་ཞུས་པའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་ཤེས་རིག་ལས་ཁུངས་ལ་གཏན་འབེབས་སླད་འབུལ་ལམ་ཞུ་བ་བཞིན། ད་ལན་གཏན་འབེབས་ཚོགས་འདུའི་ནང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། ཤེས་རིག་རྩོམ་སྒྲིག་ཚན་པའི་འགན་འཛིན་ཀརྨ་སྨོན་ལམ་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་རྩོམ་སྒྱུར་སྡེ་ཚན་གྱི་འགན་འཛིན་ཌོག་ཊར་ མཆོག་བསྟན་འཛིན་སྨོན་ལམ་ལགས། དཔེ་སྟོན་སློབ་གྲྭའི་བོད་དགེ་བསམ་གྲུབ་ལགས། ཤེས་ལྷན་དྲུང་གཞོན་དང་། སློབ་དེབ་རྩོམ་སྒྲིག་པ་རྣམས་མཉམ་ཞུགས་གནང་ཡོད།
གཞན་ཡང་བྱང་ཨ་རིའི་བོད་རིགས་གཟའ་མཇུག་སློབ་གྲྭའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་སློབ་དེབ་རྣམས་རིམ་བཞིན་གཏན་འབེབས་གནང་འཆར་ཡོད་འདུག

སྔོན་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འགན་འཛིན་རྣམས་ཀྱིས་འགོ་ཁྲིད་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་གིས་འཛིན་གྲྭའི་དཔེ་མཛོད་ཁང་ལ་གཟིགས་ཞིབ་གནང་།
Menu