ཟླ་རེའི་གསར་འགྱུར།

མཐོ་རིམ་སློབ་མའི་རྩོམ་འབྲིའི་གསལ་བསྒྲགས།

གསར་འཕྲིན།, གསལ་བསྒྲགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་ཨ་རིར་གནས་བཞུགས་ཕུར་བུ་སྒྲོལ་མ་ལགས་ཀྱི་མཐུན་འགྱུར་འོག  བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཁག་དང་། དེ་མིན་རྒྱ་གར་གྱི་མཐོ་སློབ་ནང་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་གི་གནས་ཚད་ཡར་རྒྱས་དང་། ཤེས་ཡོན་བརྗེ་རེས། རྩོམ་ཡིག་འབྲི་བར་སྐུལ་ལྕག་ཐེབས་ཆེད་རྩོམ་འབྲིའི་ལས་རིམ་ཞིག་ལོ་གསུམ་རིང་སྤེལ་རྒྱུ་ཡིན། འདི་ལོའི་རྩོམ་ཡིག་གི་བརྗོད་གཞི། ༼མ་འོངས་བོད་ཀྱི་འཐབ་རྩོད་སྲ་བརྟན་ཡོང་སླད་མི་རབས་གསར་པའི་འོས་འགན།༽ ཞེས་པ་འདི་ཡིན་པས།  མཐོ་རིམ་སློབ་ཕྲུག་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བ་དང་། འདི་གར་འབྱོར་བའི་རྩོམ་ཡིག་རྣམས་འདི་གས་ཆེད་འཛུགས་ཞུ་བའི་དཔྱད་འདེམས་ཚོགས་ཆུང་ལ་ཕུལ་ཏེ་རྩོམ་ཡིག་ལེགས་གྲས་ ༡༥ འདེམས་སྒྲུག་གིས་གཏན་འབེབས་གཞིར་བཟུང་སྟོང་མིན་ཙམ་གྱི་རྩོམ་ཡོན་ཕུལ་ཏེ། བདམས་ཐོན་བྱུང་བའི་རྩོམ་ཡིག་རྣམས་དེབ་གཟུགས་ཀྱི་ངོ་བོར་དཔར་འགྲེམས་ཞུ་རྒྱུ་ཡིན།

དུས་ཡུན།  ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༥ ནས་ཟླ་ ༥  ཚེས་ ༡༥ བར་ཡིན། དེའི་རྗེས་སུ་འབྱོར་རིགས་ལ་ངོས་ལེན་ཞུ་རྒྱུ་མིན།

རྩོམ་ཡིག་འབྲི་སྐབས་གཤམ་གསལ་དོན་གནད་རྣམས་ལ་དོ་སྣང་གནང་དགོས།

༡། རྩོམ་ཡིག་འབྲི་སྐབས་རང་ཉིད་ཀྱི་ཉམས་མྱོང་དངོས་དང་། ཐབས་ལམ་གསལ་འདོན་བྱེད་པ་ལས་གང་ཟག་དང་། ལས་དོན་བྱེ་བྲག་པར་ཟུར་ཟ་དང་། སྐྱོན་བརྗོད། ཚིག་རྩུབ་སྨྲ་བ་སོགས་སྤོང་དགོས།

༢། རྩོམ་ཡིག་སློབ་ཕྲུག་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན་དགོས་པ་ལས། མི་གཞན་གྱིས་བྲིས་པ་བརྐུ་བཤུས་བྱས་པ་དོགས་པ་བྱུང་ཚེ་རྩིས་མེད་གཏོང་རྒྱུ།

༣། སྐད་ཡིག་བོད་ཡིག་དང་། རྩོམ་ལུས་ལྷུག་མ། ཤོག་བུ་A4 མཐའ་ཚད་སྤྱི་བཏང་བ་ (Margins Normal) དང་། ཡིག་གཟུགས་ཆེ་ཆུང་ཚད། སྨོན་ལམ་དབུ་ཅན་དང་པོ་ཆེ་ཆུང་བཅུ་བཞི། (Monlam Uni Ouchan1 size 14)

༤། རྩོམ་ཡིག་ཉུང་མཐའ་ཤོག་ངོས་གསུམ་དང་། མང་མཐའ་ཤོག་ངོས་ལྔ་ལས་བརྒལ་མི་ཆོག

༥། རྩོམ་ཡིག་རྣམས་ཀམ་པུ་ཊར་ནང་འཇུག་སྒྲིག་གིས་གཤམ་འཁོད་གློག་འཕྲིན་ཁ་བྱང་སྟེང་བསྐུར་དགོས།

༦། རྩོམ་ཡིག་གི་མཇུག་ཏུ་སློབ་སྦྱོང་བྱེད་ཡུལ་མཐོ་སློབ་དང་དོ་བདག་གི་མཚན། རང་ཉིད་ཀྱི་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་ཁ་གསལ་འགོད་དགོས།

༧། རྩོམ་ཡིག་ལེགས་གྲས་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་ཡིན་པས། དེ་དོན་དགོངས་འཇགས་ཡོད་པ་ཞུ།  ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡༡ ཉིན།

Final announcement
སྔོན་མ།
ཕྱི་ལོ་ ༢༠༢༢ ལོའི་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
དགེ་སློབ་རྩོམ་འབྲིའི་གསལ་བསྒྲགས།
Menu