ཟླ་རེའི་གསར་འགྱུར།

མདུན་ལམ་སློབ་སྟོན་པ་མ་སུ་རིར་ཕྱོགས་ཕེབས་གནང་བ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་སྒྲོལ་དཀར་དབང་མོ་ལགས་དང་། ཕྱག་རོགས་དྲུང་ལས་བསོད་ནམས་དཔལ་མོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ནས་ ༡༨ བར་རྒྱ་གར་བྱང་ཕྱོགས་མ་སུ་རི་གཏན་སློབ་དང། མ་སུ་རི་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ནང་སློབ་སྟོན་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། འཛིན་རིམ་བཅུ་གཅིག་དང། བཅུ་གཉིས། དྲུག་པ། བཅུ་པ་སོགས་ཀྱི་སློབ་མ་རྣམས་ལ་ཤེས་ཡོན་ཐོག་དམིགས་ཡུལ་ངེས་གཏན་དགོས་པ་དང། གཞན་དང་འབྲེལ་ལམ་བྱེད་ཕྱོགས་ཀྱི་ཐབས་ལམ་སྐོར་ལམ་སྟོན་གནང་རྒྱུ་ཡིན་འདུག
    དེ་བཞིན་ཁོང་རྣམ་གཉིས་ཀྱིས་སློབ་མ་ཚོས་འཛིན་རིམ་བཅུ་གཉིས་ཐོན་རྗེས་སློབ་ཚན་འདེམས་ཕྱོགས་དང། མཐོ་སློབ་ཁག་ཏུ་སློབ་ཡོན་གྱི་གོ་སྐབས་ཇི་ཡོད་སྐོར་ངོ་སྤྲོད་གནང་བ་དང་ལྷན། སློབ་གྲྭ་སོ་སོའི་དགེ་རྒན་དང་ཕ་ཚབ་མ་ཚབ་རྣམས་ལ་སློབ་ཕྲུག་ཚོར་ལྟ་སྐྱོང་དང་སྒྲིག་འཛུགས་བཀོད་སྒྲིག་བྱེད་ཕྱོགས་སྐོར་སློབ་སྟོན་གནང་རྒྱུ་ཡིན་འདུག
    ཕྱི་ཚེས་ ༢༠ ཉིན་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་སྒྲོལ་དཀར་དབང་མོ་ལགས་ཀྱིས་བདེ་སྐྱིད་གླིང་གཞིས་ཆགས་སུ་མང་ཚོགས་ལ་ཕྲུ་གུའི་འཚར་ལོངས་དང་ཕ་མས་ཚུལ་མཐུན་གྱི་ལམ་ནས་ཕྲུ་གུར་གཅེས་སྐྱོང་བྱེད་ཕྱོགས་ཀྱི་ཐབས་ལམ་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།
 

སྔོན་མ།
པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་ ༢༧ གྱིས་ཚུད་རྒྱུགས་ནང་མཉམ་ཞུགས་གནང་ཡོད།
ཕྱི་མ།
ཤེས་ཡོན་ལྷན་ཚོགས་དང་པོ་སྐོང་ཚོགས།
Menu