ཟླ་རེའི་གསར་འགྱུར།

མདུན་ལམ་སློབ་སྟོན་པའི་ས་མིག་གསལ་བསྒྲགས།

གསལ་བསྒྲགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སློབ་ཁག་དུ་མདུན་ལམ་སློབ་སྟོན་པའི་ས་མིག་སྟོང་པ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་ཆེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ འགྱངས་མེད་འཚང་སྙན་འབུལ་འཐུས།

༡། ལས་འགན།  སློབ་གྲྭའི་ནང་མདུན་ལམ་སློབ་སྟོན་པ། འདེམས་སྒྲུག་བྱུང་བ་རྣམས་གཞི་རིམ་བར་མ་དང་གཞི་རིམ་གོང་མའི་སློབ་ཁག་ནང་མདུན་ལམ་སློབ་སྟོན་པའི་ལས་འགན་བསྐོ་གཞག་བྱ་རྒྱུ།
། ཤེས་ཚད། ངོས་འཛིན་ཡོད་པའི་གཙུག་ལག་སློབ་ཁང་གང་རུང་ནས། སེམས་ཁམས་རིག་པ།(School counseling / Psychology) ཐོག་གཙུག་ལག་རབ་འབྱམས་པ་ཡང་ན། ཤེས་ཡོན་རིག་པའི་གཙུག་ལག་རབ་འབྱམས་པ་(M.A. Education) ཡང་ན། སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་སློབ་ཚན་(Master in Social Work-MSW)བཅས་ཀྱི་ཐོག་ཨང་སྡེ་གཉིས་པ་སོན་པའི་སློབ་ཐོན་ལག་འཁྱེར་ཡོད་པ། སློབ་ཕྲུག་གི་མདུན་ལམ་དང་བྱ་སྤྱོད་ལམ་སྟོན་(Master degree in school Counseling)ཐོན་པའི་སྙན་འབུལ་བ་རྣམས་ལ་དུས་ཡུན་ལོ་གཅིག་གི་མཐོ་རིམ་ཁྱད་སྦྱོང་(Post Graduate Diploma)ཐོན་པའི་ལག་འཁྱེར་མེད་ན་འཐུས་རྒྱུ། འོན་ཀྱང་མདུན་ལམ་སློབ་སྟོན་(Guidance & Counseling)ཐོག་གཙུག་ལམ་རབ་བྱམས་པའི་ལོ་གཅིག་གི་མཐོ་རིམ་ཁྱད་སྦྱོང་(Post Graduate Diploma)ལག་འཁྱེར་ཡོད་པ་གང་ཞིག་ལས་ཀའི་ཉམས་མྱོང་ཡོད་མཁན་རྣམས་ལ་དམིགས་བསལ་གོ་སྐབས་ཡོད།
༣། ཉམས་མྱོང་། མདུན་ལམ་སློབ་སྟོན་དང་འབྲེལ་བའི་ཐོག་ལས་ཀའི་ཉམས་མྱོངཡོད་ཚེ། ཉམས་མྱོང་ལག་འཁྱེར་ངོ་མ་དགོས་པ།
༤། ལོ་ཚད། རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།
༥། རྒྱུགས་གཞི།  ཨིན་བོད་གཉིས་ཀྱི་ཐོག་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

དགོས་ངེས་ཆ་རྐྱེན།

  • ཕྱི་ལོ་༢༠༡༨ ཟླ ༡༢ ཚེས་ ༣༡ བར་དྭང་བླངས་དཔྱ་ཁྲལ་ལག་དེབ་(Green Book) ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
  • སྐྱབས་བཅོལ་ལག་དེབ་(RC) ཤོག་གྲངས་དང་པོ་དང། གཉིས་པ། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས་དགོས་པ།
  • སྨན་པ་ཚད་ལྡན་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་དགོས་པ།
  • སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་ནས་དགག་ཆ་མེད་པའི་(No objection certificate)ངོས་སྦྱོར་ངོ་མ་དགོས་པ།
  • དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་གློག་འཕྲིན་(Email id) དེ་བཞིན་ཁ་པར་ཨང་གྲངས་སོགས་ཁ་གསལ་བཀོད་དགོས།
  • ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་(Birth Certificate)དང་འཛིན་རིམ་བཅུ་པའི་ལག་འཁྱེར་ (class X pass certificate) གྱི་ངོ་བཤུས།
  • གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་(Attestation) དགོས་རྒྱུ།
  • ལག་འཁྱེར་སོགས་ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་སྐྱོན་སྐབས་མཉམ་འཁྱེར་དགོས་རྒྱུ།(Original documents for verification)
  • གོང་གསལ་དུས་བཀག་ཟིན་རྗེས་འཚང་སྙན་འབུལ་རིགས་རྩིས་མེད་ཡིན། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ ཕྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༣༡ ཉིན་ལ།

The Secretary,
Department of Education
Central Tibetan Administration
Gangchen Kyishong
Dharamsala – 17621
Distt. Kangra

སྔོན་མ།
ཕྱི་ལོ་ ༢༠༡༩ ལོའི་ལྦཱ་སཱ་ཅི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ས་མིག་གསལ་བསྒྲགས།
Menu