ཟླ་རེའི་གསར་འགྱུར།

ཚད་མཐོའི་རིག་རྩལ་གྱི་དགེ་རྒན་ལག་དེབ་བཟོ་འགོད་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས ༢༢ ནས་ ༢༤ བར་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་དགོངས་དོན་བཞིན་སློབ་གྲྭ་ཁག་ནང་སློབ་ཚན་ཁྲིད་ཐབས་དང་འབྲེལ་བའི་ཐབས་བྱུས་ནང་གསར་བཏོད་དང་རྣམ་དཔྱོད་རིག་རྩལ་(Higher Order Thinking Skills) གོང་མཐོར་གཏོང་ཐབས་ཀྱི་དགེ་རྒན་ལག་དེབ་བཟོ་འགོད་དང་འབྲེལབའི་ཚོགས་འདུ་ཞིག་ས་རཱ་མཐོ་སློབ་ཏུ་བསྐོང་ཚོགས་ཞུས།
བོད་ཀྱི་ཐེབས་རྩའི་ཤེས་ཡོན་ལས་འཆར་འབྲེལ་མཐུད་པ་རྒྱལ་མཚན་ལགས་ནས་སློབ་ཚན་ཁྲིད་ཐབས་ཀྱི་ཐབས་བྱུས་རགས་ཟིན་ལ་གོ་བསྡུར་སྦྱང་བཤད་དང་འབྲེལ་བཟོ་འགོད་གཏན་འབེབས་ཞུས་ཡོད། ཚོགས་འདུའི་ནང་འབྲེལ་ཡོད་རགས་ཟིན་ཕྱོགས་བསྒྲིགས་པ་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན། ཤེས་རིག་ལས་ཁུངས་དེང་སྲོལ་ཚན་པའི་འགན་འཛིན། ཤེས་ལྷན་བོད་སྒྱུར་ཚན་པའི་འགན་འཛིན། ཨང་རྩིས་དང་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་བཅས་མཉམ་ཞུགས་གནང་ཡོད་པ་རེད།
ཚོགས་འདུ་འདི་བརྒྱུད་གཏན་འབེབས་བྱས་པའི་དགེ་རྒན་ལག་དེབ་དེ་བཞིན་སློབ་ཁག་གསུམ་ནང་ཚོད་ལྟའི་ཚུལ་དུ་ལག་བསྟར་གྱིས། མ་འོངས་པར་སློབ་ཁག་ཚང་མར་ཉམས་མྱོང་བརྒྱུད་སྤེལ་གནང་གཏན་ཁེལ་ཡོད། ཐེངས་འདིའི་ཚོགས་འདུ་དང་ལག་དེབ་བཟོ་འགོད་དང་འབྲེལ་བའི་ལས་འཆར་གྱི་འགྲོ་གྲོན་ཡོངས་རྫོགས་ཨ་རིའི་རོགས་ཚོགས་ USAID ནས་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
ཤེས་རིག་དྲུང་ཆེ་ཀོ་ལེ་གྷལ་སམ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་གནང་།
ཕྱི་མ།
སྔོན་འགྲོའི་དགེ་རྒན་རྣམས་ལ་མོན་ཊེ་སོ་རིའི་ཨང་རྩིས་ཁྲིད་ཐབས་ཀྱི་ཟབ་སྦྱོང་དབུ་འབྱེད་གནང་།
Menu