ཟླ་རེའི་གསར་འགྱུར།

ཚན་རིག་སློབ་ཕྲུག་རྣམས་ཀྱི་ཆེད་ཉམས་གསོག་སྦྱོང་བརྡར།

གསར་འཕྲིན།, གསལ་བསྒྲགས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་བསྐྱང་རྒྱུར།  བོད་པའི་སློབ་ཕྲུག་རྣམས་ལ་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༤ ནས་ཟླ་ ༧ ཚེས་ ༡༤ བར་ཟླ་གཅིག་རིང་གི་ཉམས་གསོག་སྦྱོང་བརྡར་ཞིག་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སྐྱེ་དངོས་ཚན་རིག་ལྟེ་གནས་ཁང་དང་གྲོང་ཁྱེར་པུ་ནེར་རྟེན་གཞི་བྱས་པའི་རྒྱ་གར་ཚན་རིག་ཤེས་ཡོན་དང་ཞིབ་འཇུག་ལྟེ་གནས་ཁང་གཉིས་སུ་གོ་སྒྲིག་གནང་གཏན་འཁེལ་ཡོད་པས་བོད་རིགས་སློབ་ཕྲུག་གང་མང་ནས་སྙན་གྲགས་ཆེ་བའི་སློབ་གཉེར་ཁང་དེ་གཉིས་སུ་ཉམས་གསོག་སྦྱོང་བརྡར་གྱི་གོ་སྐབས་དེ་ལེན་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་། ཉམས་གསོག་གི་ལས་གཞི་དེའི་དགོས་དམིགས་གཙོ་བོ་ནི་ཚན་རིག་སློབ་དཔོན་དག་གི་མཛུབ་སྟོན་སྣེ་ཁྲིད་འོག་བོད་རིགས་གཞོན་སྐྱེས་དག་ཚན་རིག་གི་ཤེས་བྱར་དོ་དབྱིངས་དང་མུ་མཐུད་ནས་ཚན་རྩལ་རིག་པའི་ཤེས་ཡོན་ཕྱོགས་སུ་ཤར་སྐྱོད་བྱ་ཐུབ་རྒྱུའི་ཆེད་དུ་ཡིན།

དེ་ཡང་འཛིན་རིམ་ ༡༢ ནང་ཡོད་པའི་ཚན་རིག་སྡེ་ཚན་དང་ཀམ་པུ་ཊར་སློབ་གཉེར་གནང་བཞིན་པ། བཟོ་ལས་འཆར་འགོད་ཚན་པ་ཕུད་པའི་དེ་མིན་མཐོ་སློབ་ཚན་རིག་སྡེ་ཁག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་རྣམས་པས་གཤམ་འོག་གི་དྲྭ་མཐུད་བརྒྱུད་ཟླ་ ༤ ཚེས་ ༣༠ འགྱངས་མེད་འགེངས་ཤོག་འགེངས་གནང་རྒྱུའི་རེ་བ་ཞུ།  འགེངས་ཤོག་དྲྭ་མཐུད།

གོང་གསལ་དྲྭ་མཐུད་འགེངས་ཤོག་དེ་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༣༠ ཉིན་རང་བཞིན་གྱིས་སྒོ་འཐེབ་ཀྱི་ཡོད་པས་དགོངས་འཇགས་ཞུ་རྒྱུ་དང་།

འགེངས་ཤོག་ཆ་མི་ཚང་བ་དང་ནོར་བ་སོགས་བྱུང་ཚེ་བརྩིས་མེད་ཡིན།

འགྲུལ་བཞུད་དང་ཟས་སྡོད་བཅས་པའི་འགྲོ་སོང་ཤེས་རིག་ལས་ཁུངས་ནས་ནར་གཏོང་གནང་རྒྱུ།

འདེམས་སྒྲུག་གི་གཞི་འཛིན་གཙོ་བོ་ནི་ཁྱེད་ཀྱི་འཛིན་རིམ་ ༡༢ སྐབས་ཀྱི་བརྒྱ་ཆ་དང་མཐོ་སློབ་ཀྱི་བརྒྱ་ཆ་དེ་བཞིན་རྩོམ་ཐུང་བཅས་ལ་གཞི་བཅོལ་རྒྱུ།

ཡིག་ཟམ་དང་གློག་འཕྲིན་བཅས་ནས་འགེངས་ཤོག་བསྐུར་ཡོང་ཚེ་བརྩིས་མེད་ཡིིན།

འཛུལ་ཞུགས་པ་རྣམས་ནས་འགེངས་ཤོག་འགེང་སྐབས་གཤམ་འོག་གི་ཡིག་ཆ་རྣམས་སྤྱོད་བདེའི་ཡིག་སྒྲོམ་(PDF)ཐོག་འཇུག་དགོས།

 

དགོས་ངེས་ཀྱི་ཡིག་ཆ་ཁག

༡༽  ཕྱི་ལོ་ ༢༠༢༡ ཟླ་ ༡༢ བར་ཕུལ་ཟིན་པའི་དངས་བླང་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།

༢༽  རྒྱ་གར་ནང་གཏན་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།

༣༽  མཐོ་སློབ་བམ་སློབ་གྲྭའི་བདེན་དཔང་རྒྱབ་གཉེར་རམ་སློབ་ཕྲུག་ལག་འཁྱེར་ཀྱི་ངོ་བཤུས།

༤༽ འཛིན་རིམ་ཅིུས་ཀྱི་བརྒྱ་ཆའི་ངོ་བཤུས།

༥༽  མཐོ་སློབ་ཀྱི་བརྒྱ་ཆའི་ངོ་བཤུས། (མཐོ་སློབ་ཏུ་སྐྱོད་བཞིན་པ་ཁོ་ནའི་ཆེད་དུ་ཡིན།)

 

འབྲེལ་གཏུག་བྱ་ཡུལ།

རྡོ་རྗེ་དབང་འདུས།

ཚན་རིག་ཤེས་ཡོན་འགན་འཛིན།

ཁ་པར་ཨང་གྲངས།་༩༠༠༠༡༤༦༧༧༧

announcement in Tib
སྔོན་མ།
ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དབུས་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༩༢ པའི་སྟེང་མཉམ་ཞུགས་གནང་བ།
ཕྱི་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་དང་འགུལ་བརྙན་ཁག་གཅིག་དབུ་འབྱེད་དང་འབྲེལ་དཔེ་དེབ་ཁྲོམ་འདུས་ཤིག་གོ་སྒྲིག་གནང་བ།
Menu