ཟླ་རེའི་གསར་འགྱུར།

ཚན་རྩིས་ཁོར་གསུམ་གྱི་ལོ་འཁོར་འགྲེམས་སྟོན་རྡ་ཤོད་བོད་ཁྱིམ་སློབ་གྲྭར་ཚོགས་པ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༡ ནས་ ༡༣ བར་ཉིན་གྲངས་གསུམ་རིང་ཚན་རིག་དང་ཨང་རྩིས། ཁོར་ཡུག་གསུམ་གྱི་འགྲེམས་སྟོན་ཞིག་རྡ་ཤོད་བོད་ཁྱིམ་སློབ་གྲྭར་གོ་སྒྲིག་གནང་འདུག
དེ་ཡང་དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲ་ཁག་ལྔ་ནས་སྣེ་ཁྲིད་དགེ་རྒན་གྲངས་ ༩ དང་སློབ་ཕྲུག་གྲངས་ ༢༩ རྡ་ཤོད་བོད་ཁྱིམ་གྱི་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་ཕྲུག་བཅས་ཚང་འཛོམས་ཀྱི་ཐོག་མར་སློབ་མ་ཚོས་སོ་སོའི་བརྗོད་གཞི་ཁག་ངོ་སྤྲོད་ཞུས།  བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་དགེ་རྒན་དང་སློབ་ཕྲུག་ཚོའི་ཁྲོད་ཟས་བཅུད་བསྟེན་ཚུལ་དང་ཟས་ཀྱི་ཉེན་སྲུང་སྐོར་ངོ་སྤྲོད།   གཞན་ཡང་བོད་རིགས་ན་གཞོན་སློབ་ཕྲུག་ཚོ་ཚན་རིག་དང་ཨང་རྩིས། ཁོར་ཡུག་བཅས་ཀྱི་ཐོག་ལ་དོ་སྣང་དང་གོ་རྟོགས་རྒྱ་སྐྱེད་ཡོང་ཐབས་ཆེད་དང་།  ལྷག་པར་གསར་གཏོད་ཀྱི་རྣམ་པའི་ཐོག་ནས་སྒྱུ་རྩལ་གྱི་ནུས་པ་ཡར་རྒྱས་གོང་མཐོར་ཇི་ལྟར་གཏང་དགོས་པ་མ་ཟད། འབྱུང་འགྱུར་རྒྱལ་ཡོངས་ཚན་རྩིས་འགྲེམས་སྟོན་ལས་རིམ་ནང་མཉམ་ཞུགས་ཐུབ་ཐབས་བཅས་དམིགས་ཡུལ་གཙོ་བཟུང་ཐོག་ཡིན་འདུག
སྤྱིར་ཚན་རྩིས་ཁོར་གསུམ་གྱི་ལོ་འཁོར་འགྲེམས་སྟོན་གྱི་སྔོན་འགྲོའི་ལས་རིམ་ཚུལ་དུ་ཟས་ཀྱི་ཉེན་སྲུང་སྐོར་རྡ་གཤོད་བོད་ཁྱིམ་སློབ་གྲྭར་བགྲོ་གླེང་ཚོགས་འདུ་ཞིག་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་འདུག   སྐབས་དེར་བརྗོད་གཞི་དང་འབྲེལ་ཁྱད་ལས་པའི་གསུང་བཤད་གནང་མཁན་ཁྲོད་ལྡི་ལི་གཙུག་ལག་སློབ་ཁང་གི་སློབ་དཔོན་ལས་རོགས་བསྟན་འཛིན་ཉི་འབུམ་ལགས་སོགས་ཕེབས་འདུག

སྔོན་མ།
བྱིས་པའི་ཀློག་སྩལ་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༡༧ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རྩིས་དང་ཁོར་ཡུག་འགྲེམས་སྟོན་མཇུག་སྒྲིལ་བ།
Menu