ཟླ་རེའི་གསར་འགྱུར།

ཞེ་སའི་ཚིག་མཛོད།(༣)

ཞེ་སའི་ཚིག་མཛོད། Vocabulary of honorific terms
ཨང༌། ཞེ་ས། ཕལ་སྐད། དབྱིན་སྐད།
༤༢༡ མཛད་པ། ལས་ཀ། Work. Deed.
༤༢༢ མཛད་འཕྲིན། ལས་ཀ། Work. Deed.
༤༢༣ མཛད་དོན། ལས་དོན། Purpose.
༤༢༤ མཛད་སྤྱོད། སྤྱོད་པ། Conduct. Behaviour.
༤༢༥ མཛད་ཚུལ། སྤྱོད་ཚུལ Way of behaving.
༤༢༦ མཛད་འཁུར། ལས་འཁུར། Responsibility. 
༤༢༧ མཛད་བྲེལ། ལས་བྲེལ། Busy with work.
༤༢༨ མཛད་བཟང། སྤྱོད་བཟང། Good conduct or work.
༤༢༩ མཛད་རྣམ། རྣམ་ཐར། Biography. Autography. 
༤༣༠ མཛད་རིམ། ལས་རིམ། Programme of a function.
༤༣༡ ཞལ། ཁ། Mouth.
༤༣༢ ཞལ་ཀྱག དཀར་ཡོལ་གྱི་བཀྱག A Tibetan traditional cup stand.
༤༣༣ ཞལ་དཀར། དཀར་ཡོལ། Tea cup.
༤༣༤ ཞལ་བཀོད་གནང་བ། བཀོད་པ་བཏང་པ། To command. To order.
༤༣༥ ཞལ་སྐྱེམས། བཏུང་པ། Beverage, Beer.
༤༣༦ ཞལ་སྐྱེམས་པ། ཁ་སྐོམ་པ། To feel thirsty.
༤༣༧ ཞལ་ཁེབས། ཕོར་ཁེབས། ཁ་རས། Lid of a cup. Mouth cover.
༤༣༨ ཞལ་དཀྲིས། ཁ་དཀྲིས། Scarf. Muffler.
༤༣༩ ཞལ་སྐྱུག་གནང་བ། སྐྱུག་པ་སྐྱུགས་པ། To vomit.
༤༤༠ ཞལ་རྒྱུགས། ངག་རྒྱུགས། Oral test.
༤༤༡ ཞལ་སྔ་ནས། མདུན་ནས། From someone like ones Guru.
༤༤༢ ཞལ་མཆུ། མཆུ་ཏོ། Lips.
༤༤༣ ཞལ་ཆུ། ཁ་ཆུ། Saliva. Water oozing from Mouth.
༤༤༤ ཞལ་ཆེམས། ཁ་ཆེམས། Will of a dying person.
༤༤༥ ཞལ་གཅོད། ཕོར་པའི་ཁ་གཅོད། Lid of a cup.
༤༤༦ ཞལ་ངོ༌། ངོ་གདོང༌། Face.
༤༤༧ ཞལ་ཐང༌། ཐང་ཀ། Thanka painting.
༤༤༨ ཞལ་མཐུན་པ། ཁ་མཐུན་པ། To agree.
༤༤༩ ཞལ་འདོན། ཁ་འདོན། Prayer.
༤༥༠ ཞལ་གདམས། བསླབ་བྱ། Advice. Suggestion.
༤༥༡ ཞལ་སྡེར། སྡེར་མ། Plate. Dish.
༤༥༢ ཞལ་པར། ཁ་པར། Phone. Telephone.
༤༥༣ ཞལ་བྱང༌། ཁ་བྱང༌། Address.
༤༥༤ ཞལ་དྲོ་བོ། ཁ་དྲོ་བོ། Something that brings good luck.
༤༥༥ ཞལ་འབག འབག Mask.
༤༥༦ ཞལ་མོལ། སྐད་ཆ། Talk.
༤༥༧ ཞལ་མོ་གནང་བ། སྐད་ཆ་བྱས་པ། To have a talk.
༤༥༨ ཞལ་མདོག། ངོ་མདོག Complexion of face.
༤༥༩ ཞལ་ཚ་བ།  ངོ་ཚ་བ། To feel ashamed.
༤༦༠ ཞལ་ཚོར་བ། ངོ་ཤེས་པ། To recognize someone.
༤༦༡ ཞལ་རྫུན། སྐྱག་རྫུན། Telling lie.
༤༦༢ ཞལ་བཞེས་གནང་བ། ཁས་ལེན་བྱས་པ། Accept. To assure.
༤༦༣ ཞལ་མཇལ་བ། ངོ་ཐུག་པ། To meet. To call on.
༤༦༤ ཞལ་ཟས། ཁ་ཟས། Snacks. Food offering to deities.
༤༦༥ ཞལ་གཟིགས་པ། གདོང་པ་མཐོང་པ། Manifestation. To see face.
༤༦༦ ཞལ་རས། གདོང་པ། Face.
༤༦༧ ཞལ་མདངས། གདོང་པའི་མདངས། Facial complexation. Color of face.
༤༦༨ ཞལ་ཤོབ་གནང་བ། གད་མོ་བསླངས་པ། To crake jokes. To cause laughter.
༤༦༩ ཞལ་གསལ། ཁ་གསལ Clear.
༤༧༠ ཞལ་བསིལ་གནང་བ། གདོང་པ་འཁྲུ་བ། To wash face.
༤༧༡ ཞལ་པར་འབུལ་བ། ཁ་པར་གཏོང་བ། To give phone call.
༤༧༢ ཞལ་གསེར་སྒྲོན་པ། གདོང་ལ་གསེར་བྱུགས་པ། Gold coating of a statue.
༤༧༣ ཞུགས་མེ། མེ། Fire.
༤༧༤ ཞུགས་མེ། མེ་ཤིང༌། Fire wood. Fuel.
༤༧༥ ཞུགས་འབུལ་ཞུས་པ། མེར་བསྲེགས་པ། To cremate.
༤༧༦ ཞུས་པ། ལབ་པ། To tell. To appraise.
༤༧༧ ཞབས། རྐང་པ། Feet. Leg.
༤༧༨ ཞབས་བཀྱག རྐུབ་ཀྱག Chair. Bench.
༤༧༩ ཞབས་སྒྲོག ལྷམ་སྒྲོག Lace.
༤༨༠ ཞབས་བཅགས་གནང་བ། དངོས་སུ་ཕྱིན་པ། To go to a place.
༤༨༡ ཞབས་འཆམ། འཆམ་འཆམ། Walk. Stroll.
༤༨༢ ཞབས་འཇུར། འཇུར་རྟ། Shoes. Boots.
༤༨༣ ཞབས་རྗེས། རྐང་རྗེས། Foot prints.
༤༨༤ ཞབས་ཏོག་ཞུས་པ། གཡོག་པོ་རྒྱུགས་པ། To serve.
༤༨༥ ཞབས་ལ་གཏུགས་པ། བླ་མ་སོགས་བསྟེན་པ། To accept someone as his Guru.
༤༨༦ ཞབས་རྟིང༌། རྟིང་པ། Heel.
༤༨༧ ཞབས་སྟེགས། རྐུབ་སྟེགས། Chair. Bench.
༤༨༨ ཞབས་ཐང་དུ་ཕེབས་པ། རྐང་ཐང་དུ་ཕེབས་པ། To go on foot.
༤༨༩ ཞབས་དོར། དོར་མ། Pant. Trousers.
༤༩༠ ཞབས་དྲུང་དུ། ཉེ་འགྲམ་དུ། Before. In front of.
༤༩༡ ཞབས་གདུབ། རྐང་གདུབ། Silver rings for legs.
༤༩༢ ཞབས་འདེགས་ཞུས་པ། གཡོག་པོ་རྒྱུགས་པ། To serve as a servant.
༤༩༣ ཞབས་འདྲེད་ཤོར་བ། རྐང་འདྲེད་ཤོར་བ། To slip down.
༤༩༤ ཞབས་འདྲེན། རྐང་འདྲེན། Disgrace. Disreputation.
༤༩༥ ཞབས་རྡོལ། རྐུབ་རྡོལ། Leaky. Having hole at the bottom.
༤༩༦ ཞབས་ཕྱི། གཡོག་པོ། Servant. Attendant.
༤༩༧ ཞབས་འཕོངས། རྐུབ། Buttock.
༤༩༨ ཞབས་ཕྱགས། ལྷམ། Shoes. Boots.
༤༩༩ ཞབས་འབྲིང༌། གཡོག་པོ། Servant. Attendant.
༥༠༠ ཞབས་སུ། ཨོ་སུ། Socks.
༥༠༡ ཞབས་སེན། རྐང་པའི་སེན་མོ། Toe nails.
༥༠༢ ཞབས་སོར་འཁོད་པ། སླེབས་པ། To reach. To arrive.
༥༠༣ ཞབས་བསིལ། རྐང་པ་འཁྲུད་པ། To wash feet or legs.
༥༠༤ ཞབས་ཕྱི་ཞུས་པ། གཡོག་པོར་རྒྱུགས་པ། To serve.
༥༠༥ ཞབས་པད་བརྟན་པ། མི་འགྱུར་བརྟན་པ། To remain immortal.
༥༠༦ ཞབས་མཛུབ། རྐང་མཛུབ། Feet toes.
༥༠༧ ཞབས་ལྷམ། ལྷམ། Boots. Shoes.
༥༠༨ བཞིན་རས། གདོང་པ། Face.
༥༠༩ བཞིན་རས་མཚར་པོ། གདོང་པ་མཛེས་པོ། Attractive Face. Beautiful.
༥༡༠ བཞིན་འཛུམ། འཛུམ་མདངས། Smile.
༥༡༡ བཞིན་འཛུམ་གནང་བ། འཛུམ་མུལ། To smile.
༥༡༢ བཞུགས་པ། སྡོད་པ། To reside. To stay. To sit down.
༥༡༣ བཞུགས་ཁྲི། ཁྲི། Throne. Seat.
༥༡༤ བཞུགས་གདན། གདན། Carpet. Mat. Mattress.
༥༡༥ བཞུགས་གདན་འཇགས། སྡོད་དང༌། Please sit down. Please stay.
༥༡༦ བཞུགས་སྟངས། སྡོད་སྟངས། Way of sitting. Sitting postlire.
༥༡༧ བཞུགས་གནས། སྡོད་གནས། Residence. Place where one stays.
༥༡༨ བཞུགས་བྱང༌། ཁ་བྱང༌། Address.
༥༡༩ བཞུགས་རོགས་གནང༌། སྡོད་དང༌། Please take seat. Please stay.
༥༢༠ བཞུགས་ལོང་མི་འདུག སྡོད་ལོང་མི་འདུག No time to stay. No time to sit.
༥༢༡ བཞུགས་ས། སྡོད་ས། Residence. Place where one stays.
༥༢༢ ཞུགས་སླང༌། མེ་སླང༌། An earthern pot to keep fire hot.
༥༢༣ བཞེས་པ། ཟས་པ། To eat. To take food.
༥༢༤ བཞེས་པ། བླངས་པ། To get. To accept.
༥༢༥ བཞེས་པ། བཏུང་པ། To drink.
༥༢༦ བཞེས་སྒོང༌། སྒོ་ང༌། Egg.
༥༢༧ བཞེས་ཐུར། ཐུར་མ། Spoon.
༥༢༨ བཞེས་ཐུག ཐུག་པ། Porridge. Gruel. Noodles.
༥༢༩ བཞེས་བག བག་ལེབ། Bread. Loaf.
༥༣༠ བཞེས་འབྲས། འབྲས། Rice.
༥༣༡ བཞེས་མོག མོག Mug.
༥༣༢ བཞེས་མོག མོག་མོག Momo.
༥༣༣ བཞེས་ཚལ། ཚལ། Salad. Side dish.
༥༣༤ བཞེས་ཚོད། སྔོ་ཚོད། Vegetables.
༥༣༥ བཞེས་ལོང༌། བཟའ་ལོང༌། Time to eat.
༥༣༦ བཞེས་ལོང༌། འཐུང་ལོང༌། Time to drink.
༥༣༧ བཞེས་ཙེ། ཁོའུ་ཙེ། Chop sticks.
༥༣༨ བཞད་མོ། གད་མོ། Laughter. Jokes.
༥༣༩ བཞད་བྲོ་བ། དགོད་བྲོ་བ། Funny. Laughable.
༥༤༠ བཞེངས་པ། ལངས་པ། To stand up.
༥༤༡ བཞེངས་པ། བཟོས་པ། To construct. To make.
༥༤༢ བཞེད་པ། འདོད་པ། Opinion. Way of thinking.
༥༤༣ བཞེད་རྒུ། འདོད་པ་ཐམས་ཅད། Every wish. All desire.
༥༤༤ བཞེད་དགོངས། བསམ་དོན། Wish. Desire. Opinion. 
༥༤༥ བཞེད་དོན། བསམ་དོན། Wish. Desire. Opinion.
༥༤༦ གཟིགས་པ། བལྟས་པ། To look at. to see.
༥༤༧ གཟིགས་སྣང༌། མཐོང་སྣང༌། Vision. Illusion.
༥༤༨ གཟིགས་འབུལ་ཞུས་པ། ལྟད་མོ་བསྟན་པ། To present a show. To perform.
༥༤༩ གཟིགས་མོ། ལྟད་མོ། Show. Performance.
༥༥༠ གཟིགས་མོ་བ། ལྟད་མོ་བ། Audience. Those who watch.
༥༥༡ གཟིགས་དང༌། ལྟོས་དང༌། Look at. Please see.
༥༥༢ གཟིམ་ཁང༌། ཁང་པ། House. Home.
༥༥༣ གཟིམ་ཁྱི། སྒོ་ཁྱི། Dog.
༥༥༤ གཟིམ་ཁྲི། ཉལ་ཁྲི། Bed.
༥༥༥ གཟིམ་ཆས། མལ་ཆས། Blankets. Beddings.
༥༥༦ གཟིམ་ཏོག ཆབ་ཏོག Urine pot.
༥༥༧ གཟིམ་པ། ཉལ་བ། To go to bed. To sleep.
༥༥༨ གཟིགས་ཞིབ། བལྟ་ཞིབ། Visit.
༥༥༩ གཟིམ་སྤོས། སྤོས། Incense stick.
༥༦༠ གཟིམ་མལ། མལ་ཆས། Blankets. Beddings.
༥༦༡ གཟིམ་ཞུ། ཞུ་མར། Lamp. Torch.
༥༦༢ གཟིམ་རོགས། ཉལ་རོགས། Sleeping companion.
༥༦༣ གཟིམ་ཤག ལས་ཤག House. Family.
༥༦༤ གཟིམ་ས། ཉལ་ས། Place to sleep.
༥༦༥ ཤངས། སྣ་བུག Nose.
༥༦༦ ཤངས་ཐ། སྣ་ཐ Snuff. Tobacco powder.
༥༦༧ ཤངས་ཕྱིས། སྣབས་ཕྱིས། Handkerchief for blowing nose.
༥༦༨ བཤུམ་པ། ངུས་པ། To weep. To cry. To drop tears 
༥༦༩ གསང་ཡུམ། སྐྱེ་དམན། Wife of a lama. Consort.
༥༧༠ གསན་པ། ཉན་པ། To listen.
༥༧༡ གསུང༌། སྐད། Voice. Sound.
༥༧༢ གསུང་གླུ། གླུ། Song.
༥༧༣ གསུང་གླེང༌། གཏམ་གླེང༌། Talk. Introductory talk.
༥༧༤ གསུང་བྱོན་པ། སྐད་ཆ་བཤད་པ། To speak, specially by a statue.
༥༧༥ གསུང་དབྱངས། སྐད་དབྱངས། Melody. Sweetness of voice.
༥༧༦ གསུང་སྒྱུར། སྐད་སྒྱུར། Interpreter.
༥༧༧ གསུང་ཆོས་གནང་བ། ཆོས་བཤད་པ། To give sermons or preachings.
༥༧༨ གསུང་འཕྲིན། ཡིག་འཕྲིན། Message or letter.
༥༧༩ གསུང་སྙན། སྐད་སྙན། Sweet voice. Melodious sound.
༥༨༠ གསུང་གི་དབང་ཕྱུག ངག་གི་དབང་ཕྱུག Master of speeches as Manjushri.
༥༨༡ གསུང་རོགས་གནང༌། ལབ་དང། Please talk. Please speak.
༥༨༢ གསུང་བཤད། ལེགས་སྦྱར། Lecture. Speech.
༥༨༣ གསུང་བཤད་གནང་བ། ལེགས་སྦྱར་བཤད་པ། To give a lecture or a speech.
༥༨༤ གསུང་གཞས། གཞས། Song.
༥༨༥ གསུང་གསལ་བཞིན། ལབ་པ་ནང་བཞིན། As mentioned. As said.
༥༨༦ གསོལ་ཀྲུམ། ཤ། Meat.
༥༨༧ གསོལ་ཅོག ཅོག་ཙེ། Table. Bench.
༥༨༨ གསོལ་གྲོད། གྲོད་པ། Stomach.
༥༨༩ གསོལ་ཆང༌། ཆང༌། Tibetan traditional drink called chang.
༥༩༠ གསོལ་ཆང་མཆོད། ཆང་ཐུངས། Please have chang.
༥༩༡ གསོལ་དམ། ཇ་དམ། Flask where tea is put.
༥༩༢ གསོལ་མདོང༌། ཇ་མདོང༌། Tea churn.
༥༩༣ གསོལ་སྡེར། སྡེར་མ། Plate. Dish.
༥༩༤ གསོལ་ཐང༌། ཇ་ཐང༌། Black tea without milk.
༥༩༥ གསོལ་ཐབ། ཐབ། Fire place. Stove.
༥༩༦ གསོལ་དཔོན། གཡོག་པོ། Meal attendant 
༥༩༧ གསོལ་ཕོགས། གླ་ཕོགས། Salary. Wages.
༥༩༨ གསོལ་བ་བཏབ་པ། སྨོན་ལམ་བརྒྱབ་པ། To pray. To wish.
༥༩༩ གསོལ་འབིང༌། ཇ་འབིང༌། Tea pot.
༦༠༠ གསོལ་མར། མར། Butter.
༦༠༡ གསོལ་ཞིབ། རྩམ་པ། Tsampa. Barley flour.
༦༠༢ གསོལ་རྩམ། རྩམ་པ། Tsampa. Barley flour.
༦༠༣ གསོལ་ཚིགས། ཁ་ལག། Food. Meals.
༦༠༤ གསོལ་རས། རྔན་པ། Reward. Gift. Present.
༦༠༥ གསོལ་སྨན། སྨན། Medicines.
༦༠༦ གསོལ་སྟོན། སྟོན་མོ། Banquet. Feast.
༦༠༧ སྲས། བུ། Son.
༦༠༨ སྲས་མོ། བུ་མོ། Daughter.
༦༠༩ སྲས་སྲོས། ཕྲུ་གུ། Children.
༦༡༠ སྲུ་མོ་ལགས། སྲུ་མོ། Maternal aunt.
༦༡༡ ལྷན་དུ། མཉམ་དུ། With. Together.
༦༡༢ ལྷན་དུ་ཕེབས་པ། མཉམ་དུ་ཕྱིན་པ། Went with. Went together.
༦༡༣ ལྷན་དུ་ཕེབས་པ། མཉམ་དུ་ཡོང་བ། Come with. Came together 
༦༡༤ ལྷན་ཕེབས། མཉམ་བསྐྱོད། Gone with. Going with.
༦༡༥ ལྷན་བཞུགས། མཉམ་སྡོད། Sitting with or staying with.
༦༡༦ ལྷན་དུ་བཞུགས་པ། མཉམ་དུ་བསྡད་པ། To bit with or staying with.
༦༡༧ ལྷན་འཛོམས། མཉམ་འཛོམས། To gather or assemble.
༦༡༨ ལྷན་དུ་འཛོམས་པ། མཉམ་དུ་འཛོམས་པ། To gather or assemble.
༦༡༩ ལྷན་ཚོགས། མཉམ་ཚོགས། To gather or assemble.
༦༢༠ ལྷན་དུ་ཚོགས་པ། མཉམ་དུ་ཚོགས་པ། To gather or assemble.
༦༢༡ ལྷན་ཁང། ལས་ཁུངས། Office. Department.
༦༢༢ ལྷན་རྒྱས་ཚོ། ཁྱེད་ཚོ། You(plural)
༦༢༣ ལྷན་རྒྱས་རྣམ་པ། ཁྱེད་རང་ཚོ། You(plural)
༦༢༤ ཨ་ཇོ་ལགས། ཨ་ཇོ། Elder brother.
༦༢༥ ཨ་ཅག་ལགས། ཨ་ཅག Elder sister.
༦༢༦ ཨ་ཁུ་ལགས། ཨ་ཁུ། Paternal uncle. Father’s brother
༦༢༧ ཨ་ནེ་ལགས། ཨ་ནེ། Paternal aunt. Father’s sister.
༦༢༨ ཨ་ཞང་ལགས། ཨ་ཞང༌། Maternal uncle. Mother’s brother.
༦༢༩ ཨ་མ་ལགས། ཨ་མ། Mother.
༦༣༠ ཨ་ཇོ་ལགས། ཨ་ཇོ། Brother.

དཔར་ཐེངས་དང་པོའི་གླེང་བརྗོད།
དཔར་ཐེངས་གཉིས་པའི་གླེང་བརྗོད།
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༡)
ཞེ་སའི་རྣམ་འབྱེད་བཞུགས་སོ།།(༢)
ཞེ་སའི་ཚིག་མཛོད།(༡)
ཞེ་སའི་ཚིག་མཛོད།(༢)
བོད་ཀྱི་ཞེ་ས། (ཆུང་ཚེ་རིང)

སྔོན་མ།
ཞེ་སའི་ཚིག་མཛོད།(༢)
ཕྱི་མ།
བོད་ཀྱི་ཞེ་ས།
Menu