ཟླ་རེའི་གསར་འགྱུར།

འཛིན་གྲྭ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ།

གསར་འཕྲིན།

    འདི་ག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ཟླ་༤ ཚེས་༢༥ ནས་༢༧ བར་ཉིན་གསུམ་རིང་གཞི་རིམ་བར་མའི་འཛིན་གྲྭ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་གསར་དུ་བསྒྲིགས་པ་ལ་བསྐྱར་ཞིབ་དང་གཏན་འབེབས་ཀྱི་ཚོགས་འདུ་བསྡུ་སྐོང་གནང།
    བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་། ༢༠༡༠ ལོར་གཏན་འབེབས་བྱས་པའི་གཞི་རིམ་བར་མའི་བསླབ་གཞི་རྩ་འཛིན་གྱི་དགོངས་དོན་བཞིན་གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་གསར་བསྒྲིགས་དང་། དགེ་རྒན་རྣམས་ལ་ཟབ་སྦྱོང་རིམ་སོང་གིས། གོང་ཚེས་ཉིན་སམ་བྷོ་ཊ་དང། བོད་ཁྱིམ་གཉིས་ཀྱི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་ཁག་ཅིག་བསྡུ་སྐོང་གིས་འཛིན་རིམ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་གྲུབ་གནང་གིས། ༢༠༡༣ ལོར་ཡོངས་ཁྱབ་འགྲེམས་སྤེལ་བྱ་འཆར་ཡོད།
༢༠༡༡ཟླ་༧པར་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ་གཏན་འབེབས་ལེགས་གྲུབ་ཟིན་ནས། གཞི་རིམ་སློབ་གྲྭ་ཁག་ལ་ཡོངས་ཁྱབ་འགྲེམས་སྤེལ་གནང་མུས་དང་། ༢༠༡༣ ལོའི་སློབ་དུས་གསར་པ་ནས་སློབ་འཁྲིད་ལག་བསྟར་དགོས་པའི་བཀའ་ཁྱབ་ཀྱང་སོང་ཡོད་པ་བཅས།
 

སྔོན་མ།
ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ལྷན་ཚོགས་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ།
ཕྱི་མ།
ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།
Menu