ཟླ་རེའི་གསར་འགྱུར།

འཛིན་རིམ་བཞི་པ་དང་ལྔ་པའི་ཨང་རྩིས་སྦྱོང་དེབ་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། ། འདི་ག་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༧ ནས་ ༣༠ བར་ཉིན་བཞིའི་རིང་རྩོམ་སྒྲིག་ཟིན་པའི་འཛིན་རིམ་བཞི་པ་དང་། ལྔ་པའི་ཨང་རྩིས་སྦྱོང་དེབ་རགས་ཟིན་ལ་བསྐྱར་ཞིབ་དང་མཐའ་མའི་གཏན་འབེབས་ཚོགས་འདུ་ཚོགས་ཡོད།
ཨང་རྩིས་སྦྱོང་དེབ་ལ་བསྐྱར་ཞིབ་དང་གཏན་འབེབས་ཚོགས་འདུ་དེར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་བསོད་ནམས་བཟང་པོ་ལགས་དང་། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བསྟན་འཛིན་ཚེ་འཕེལ་དང་བློ་བཟང་བསྟན་འཛིན་ལགས། དེ་བཞིན་དྷ་ས་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་འཕྲིན་ལས་དཔལ་མོ་ལགས་དང་། དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་སློབ་དགེ་བསོད་ནམས་ཆོས་སྒྲོན་ལགས། སཾབྷོ་ཊ་བོད་སློབ་ཚོགས་པའི་ཨང་རྩིས་རྒྱུས་སྟོན་པ་ཚེ་རིང་མཚམས་གཅོད་ལགས་དང་། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ཨང་རྩིས་དགེ་རྒན་བསྟན་འཛིན་མཚོ་རྒྱལ་ལགས་བཅས་ཕེབས་ཡོད།
ཚོགས་འདུའི་ཉིན་བཞིའི་རིང་གོ་བསྡུར་སྦྱང་བཤད་ཀྱི་སྣོན་འཕྲི་གང་དགོས་གནང་སྟེ། ཨང་རྩིས་སྦྱོང་དེབ་ཁག་གཉིས་ཀྱི་གཏན་འབེབས་ཚོགས་འདུ་ལེགས་གྲུབ་བྱུང་བ་དང་། རིང་མིན་ཕྱི་ཟླ་ ༩ པའི་ནང་པར་སྐྲུན་གྱིས་གཞི་རིམ་འོག་མའི་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན།
ཨང་རྩིས་ལས་གཞིི་འདིའི་འགྲོ་གྲོན་མཐུན་འགྱུར་གནང་མཁན་ཨ་རིའི་རོགས་ཚོགས་(USAID)ཡིན་པ་བཅས། །

སྔོན་མ།
བརྡ་ཆད་གཏན་འབེབས་ལྷན་ཚོགས་ཐེངས་ཉི་ཤུ་རྩ་ལྔ་པ་ལེགས་གྲུབ་ཟིན་པ།
ཕྱི་མ།
ཕྱི་ལོ་ ༢༠༢༡ ལོའི་བཱེ་རི་ཡ་མཐོ་སློབ་ཀྱི་སློབ་ཡོན་གསལ་བསྒྲགས།
Menu