ཟླ་རེའི་གསར་འགྱུར།

ཡིད་སྐྱོའི་གནས་ཚུལ།

གསར་འཕྲིན།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༤ ཡས་མས་སུ་ཤེས་རིག་ལས་བྱེད་ཆོས་འཕེལ་ལུང་རྟོགས་ལགས་ནོར་བུ་གླིང་གའི་ཉེ་འགྲམ་དུ་ཆུ་རྐྱལ་བརྒྱབ་རྗེས་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་དང་བཅས། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བ་ནས་བསགས་པའི་སྡིག་སྒྲིབ་བྱང་ཞིང་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་ཆེད། ཕྱི་ཚེས་ ༢༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ པའི་ཐོག་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་སྒྲོག་སྦྱང་གནང་རྗེས་ཆུ་ཚོད་ ༥ བར་སྨོན་ལམ་གསུང་འདོན་དང་། དེ་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
    དམ་པ་ཁོང་ནི་ཕྱི་ལོ་ ༡༩༨༡ ཟླ་ ༧ ཚེས་ ༡ ཉིན་སྟོད་ལུང་དུ་སྐྱེས་ཤིང་། རྒྱ་གར་དུ་འབྱོར་རྗེས་ཐོག་མར་སུ་ཇ་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་པ་བར་དང་། དེའི་རྗེས་དྷ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཅིག་བཅིུས་ཐོན་རྗེས་མེངྒ་ལོར་གཙུག་ལག་སློབ་གཉེར་ཁང་ (Mangalore University) ནས་ (Bachelor of Computer Application) ཐོན། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡ ཉིན་ནས་ཤེས་རིག་ལས་ཁུངས་སུ་སློབ་དེབ་རྩོམ་བསྒྱུར་གྱི་ལས་གཞིའི་ཆེད་དྲུང་ལས་ཀྱི་གནས་རིམ་ཐོག་ཆོད་གན་དུ་བསྐོ་གཞག་གིས་ལས་འཁུར་ཞུས། ད་སྐབས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་ཚན་རིག་སློབ་དེབ་བོད་སྒྱུར་གྱི་གནང་མུས་ཐོག་ཤེས་རིག་ལས་ཁུངས་ཀྱི་ཨིན་ཡིག་དྲ་རྒྱ་བསྐྱར་བཟོ་དང་། རྒྱུན་ལྡན་དྲ་རྒྱའི་ནང་གནས་ཚུལ་འཇུག་སྒྲིག་སོགས་ཀྱི་ལས་དོན་བྱེད་བཞིན་ཡོད།
སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་དཔེ་མཛོད་དོ་དམ་པ་རྣམས་ལ་ཟབ་སྦྱོང་འགོ་འཛུགས་གནང་།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
Menu