ཟླ་རེའི་གསར་འགྱུར།

རྒྱ་གར་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྩིས་དགེ་རྣམས་ལ་ཨང་རྩིས་སློབ་དེབ་གསར་པ་རྒྱུས་སྟོན་དང་ཁྲིད་ཐབས་ཟབ་སྦྱོང་།

གསར་འཕྲིན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པར་སློབ་དེབ་བསྐྱར་ཞིབ་ཀྱིས་དཔར་འགྲེམས་བྱས་པའི་གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གསར་པ་རྒྱུས་སྟོན་དང་། ཁྲིད་ཐབས་ཟབ་སྦྱོང

་སྤྲོད་ཆེད་ཤེས་རིག་ལས་ཁུངས་ཀྱི་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་དང་། དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་སློབ་སྟོན་པ་རྒན་འཕྲིན་ལས་དཔལ་མོ་ལགས་བཅས་ཆེད་བསྐྱོད་ཀྱིས་སོ་ན་འདའ་བོད་མིའི་མཉམ་འབྲེལ་ཚོགས་ཁང་དུ་རྒྱ་གར་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྩིས་དགེ་རྣམས་ལ་ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༦ ནས་༢༨ བར་ཉིན་གསུམ་རིང་རྒྱུས་སྟོན་དང་ཟབ་སྦྱོང་སྤྲད།
དེ་ཡང་ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་གཉིས་ཀྱིས་སློབ་དེབ་གསར་པའི་རྩོམ་སྒྲིག་གི་བརྒྱུད་རིམ་དང་། ནང་དོན་འགོད་སྟངས་སོགས་རྒྱུས་སྟོན་གནང་བ་དང་། དྷ་སྟེང་བོད་ཁྱིམ་གྱི་ཨང་རྩིས་སློབ་སྟོན་པ་རྒན་འཕྲིན་ལས་དཔལ་མོ་ལགས་ཀྱིས་ཨང་རྩིས་ཁྲིད་ཐབས་དང་། ཁྲིད་ཆས། གྱང་སྦྱར་བཟོ་འགོད་བྱེད་སྟངས་ཀྱི་ཟབ་ཁྲིད་གནང་།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་བྱང་ཤར་ཁུལ་གྱི་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་རྡོར་གླིང་། སོ་ན་འདའ། ར་ཝང་ལ། ཀ་ལོན་སྦུག ཨོ་རི་ས། བྷན་དྷ་ར། མན་སྤར། མེའོ། ཏི་ཛུ། བསྟན་འཛིན་སྒང་སློབ་གྲྭ་བཅས་དང་། སམ་བྷོ་ཊ་ཁྱབ་ཁོངས་ཀྱི་སྤོག་རེ་སྤོང་དང་། ཤིས་ལོང་སློབ་གྲྭ་བཅས་སློབ་ཁག་བཅུ་གཉིས་ཀྱི་རྩིས་དགེ་བཅུ་དྲུག་མཉམ་ཞུགས་གནང་ཡོད།
ལོ་སྔོན་མར་རྒྱ་གར་བྱང་ཕྱོགས་དང་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་རྩིས་དགེ་རྣམས་ལ་ཨང་རྩིས་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་གྲུབ་ཟིན་པ་བཅས།

སྔོན་མ།
བལ་ཡུལ་དང་བྱང་ཤར་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན།
ཕྱི་མ།
ཕ་མའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་བོད་ཡིག་སློབ་སྦྱོང་དྲ་ཚིགས་དབུ་འབྱེད་གནང་བ།
Menu